[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ​ བོད་དམག་ཁུལ་ཁང་གི་ཐོན་ཞིག་གི་དཔོན་དམག་གིས་ཆུ་ཤུར་རྫོང་རྟ་དཀར་ཤང་གི་སློབ་ཆུང་སློབ་མར་སློབ་རོགས་ཁྲིད་གསུམ་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    zengfg96158.jpg

    འདི་ནི་ཡར་ལངས་ཐུབ་པའི་བསོད་ནམས་སྒྲོལ་མས་བོད་དམག་ཁུལ་ཁང་གི་ཐོན་ཞིག་གི་དཔོན་དམག་དང་དྲན་རྟེན་པར་རྒྱག་བཞིན་པ།

    གཅེས་སེམས་མཚོན་བྱེད་ལག་རྟགས་སྤྲད་པ་དང་། ཁ་བཏགས་གཡོག་པ། སྐེ་དར་དམར་པོ་བཏགས་པ། སྒོར་གཞས་འཁྲབ་པ་ལ་སོགས། ཉེ་ཆར་བོད་དམག་ཁུལ་ཁང་གི་ཐོན་ཞིག་གི་དཔོན་དམག་གིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་ཤང་གི་སློབ་ཆུང་དུ་མཐུན་འབྲེལ་བྱེད་སྒོ་སྤེལ་ནས་སློབ་མ་ཚོར་གཅེས་སེམས་མཚོན་བྱེད་ཅ་དངོས་སྤྲད་པ་རེད། བཅིངས་འགྲོལ་དམག་མཐོང་མ་ཐག་བྱིས་པ་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། ལོ་རིམ་བཞི་པའི་བསོད་ནམས་སྒྲོལ་མ་དེ་བས་ཀྱང་དགའ་བ་སྐྱེས།

    ཁོ་མོ་དང་བཅིངས་འགྲོལ་དམག་དབར་གྱི་ལས་དབང་བརྗོད་ན། ཐོན་དེའི་2018ལོའི་དབུལ་སྐྱོར་དཀའ་སེལ་སྐོར་ནས་གླེང་འགོ་འཛུགས་དགོས་པ་སྟེ། ཐེངས་ཤིག་ཚོགས་པ་དེའི་དབུལ་སྐྱོར་དཀའ་སེལ་ཚོགས་ཆུང་གི་ཁོངས་མི་རྟ་དཀར་ཤང་སློབ་ཆུང་ནས་བརྒྱུད་སྐབས། ཨ་མ་ཞིག་གིས་རང་ཉིད་ཀྱི་བུ་མོ་རྐུབ་སྟེགས་འཁོར་ལོའི་ཐོག་བཞག་ནས་སློབ་གྲྭར་སྐྱེལ་བ་མཐོང་། དེའི་རྗེས་སློབ་སྤྱི་བཀྲ་ཤིས་ཚེ་རིང་ས་ནས་བུ་མོ་དེའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་ཞིང་། ལོ་གཅིག་ལྷག་སླེབས་སྐབས་ཨ་མས་ཞིང་ནང་དུ་ལོ་ཏོག་བརྔ་བསྡུ་བྱེད་པར་འཁྲིད། སྟབས་མི་ལེགས་པར་ཞང་པོའི་བརྔ་བསྡུ་འཕྲུལ་འཁོར་གྱི་འོག་ཏུ་བུ་མོ་དེའི་རྐང་པ་གཉིས་པོ་ཤོར། གནས་ཚུལ་དེ་ལྷག་རྗེས་པ་ཕས་མ་བུ་གཉིས་བཞག་ནས་ཕྱིན་པ་སོགས་ཀྱི་གནས་ཚུལ་ཤེས།

    གནས་ཚུལ་དེ་གོ་རྗེས། ཐོན་དེས་རྟ་དཀར་ཤང་སློབ་ཆུང་དང་སློབ་རོགས་ཁྲིད་གསུམ་གྱི་འགན་འཁྲིའི་ཡི་གེ་བཞག་པ་དང་། སློབ་གྲྭར་ཨར་ལས་རྒྱུ་ཆ་བསྐྱལ་བ། མ་དངུལ་ཞལ་འདེབས་བརྒྱབ་པ། དངོས་པོ་ཞལ་འདེབས་བརྒྱབ་པ་བཅས་བྱས་ནས་སློབ་གྲྭ་གསར་པ་མཉམ་དུ་བསྐྲུན།

    ཐོན་དེས་ད་དུང་བསོད་ནམས་སྒྲོལ་མའི་ཁྱིམ་ལ་ཞལ་འདེབས་བརྒྱབ་པ་དང་། བཅའ་སྡོད་སྨན་ཁང་དང་རང་འགུལ་ངང་འབྲེལ་བ་བྱས་ནས་བུ་མོ་དེར་སྨན་བཅོས་བྱས་ནས་ཡར་ལངས་རྒྱུའི་ལྕག་སྐུལ་ཡང་བྱས།

    འདི་ལོའི་དབྱར་དུས་སུ་ཐོན་དེས་བསོད་ནམས་སྒྲོལ་མར་རྐང་པ་རྫུན་མ་ཆ་གཅིག་སྤྲད་ཅིང་། དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་མོར་ཁོ་མོས་འཛིན་གྲྭའི་སློབ་མ་གཞན་དང་མཉམ་དུ་འཁྲབ་སྟོན་ལ་ཞུགས། འདི་ནི་རྐང་པ་གཉིས་ཤོར་རྗེས་ཁོ་མོའི་སེམས་གཏིང་སུ་འཆང་བའི་ཕུགས་འདུན་ཞིག་རེད་ལ་ལོ་11རེ་སྒུག་བྱས་པའི་བསམ་འདུན་ད་ཆ་གཞི་ནས་མངོན་འགྱུར་ཐུབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།