[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • འཕྲལ་སྡོམ་ནང་སྦྱོང་བྱས་ནས་བདེ་འཇགས་ལ་འགན་ལེན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    zengfg9721.jpg

    འདི་ནི་བདལ་གཏོང་རླངས་འཁོར་ལ་མེ་ཤོར་ཁུལ་བྱས་ནས་མེ་གསོད་ནང་སྦྱོང་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པས་ལྷ་ས་གྲོང་ཁྱེར་དུ“བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་ནང་སྦྱོང་སྐབས་བཞི་པ”བྱས་ཤིང་། ནང་སྦྱོང་གི་གྲས་སུ་དུས་གཏན་རླངས་འཁོར་ཉེན་ཁའི་གནས་སུ་གྱར་བ་དང་། བོགས་གཏོང་རླངས་འཁོར་རྡུང་ཁ་ཤོར་བ། ཡུལ་སྐོར་རླངས་འཁོར་མགོ་རྟིང་ལོག་པ། འགྲུལ་སྐྱེལ་འབབ་ཚུགས་སུ་འཇིགས་རྒོལ་འབར་འགོག་བྱེད་པ་སོགས་ཚུད་ཡོད། ད་རེས་ཀྱི་ནང་སྦྱོང་དེས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་ཁག་གི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་གོ་ཆོད་རང་བཞིན་ལ་ཞིབ་དཔྱད་ནུས་ལྡན་བྱས་པ་དང་ཆབས་ཅིག འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཉེན་སེལ་རྒུད་སྐྱོབ་ཀྱི་འཕྲལ་སྡོམ་དཔུང་ཁག་གི་ཕྱོགས་བསྡུས་རྒུད་སྐྱོབ་ནུས་པར་ཡང་བརྟག་བཤེར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།