[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཁྱབ་རུ་ཁག་གི་རྒྱབ་ཕྱོགས་ཀྱི་དམག་འཐབ་གྲ་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་ལེན་ནུས་པ་ཆེ་རུ་གཏོང་ཆེད། ཟླ་8ཚེས་5དང་ཚེས་7ཉིན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་སྦྱོང་བརྡར་རྟེན་གཞི་ག་གེ་མོ་ཞིག་ཏུ་རྒྱབ་ཕྱོགས་སྟོབས་ཤུགས་མ་ལག་ཅན་འཛུགས་སྐྲུན་དང་དངོས་འཐབ་ཅན་གྱི་མཉམ་བསྡུས་སྦྱོང་བརྡར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྦྱོང་བརྡར་དང་མཉམ་བསྡུས་སྦྱོང་བརྡར་བྱེད་སྐབས་དངོས་འཐབ་འགན་ལེན་རྒྱབ་ལྗོངས་སུ་བྱས་ཏེ་འཕྲལ་སྡོམ་འགན་ལེན་སྟོབས་ཤུགས་ཀྱི་སྒྲིག་ཆས་མྱུར་བཟོ་དང་། རྨས་མ་སྐྱོབ་བཅོས། འཕྲོད་བསྟེན་རིམས་འགོག ཐང་འཐབ་བཟའ་བཏུང་སྟབས་བདེ་ཅན་གྱི་འགན་ལེན། དངོས་ཟོག་མཁོ་སྤྲོད། སྐྱེལ་འདྲེན་རོགས་སྐྱོར་སོགས་ཀྱི་བྱ་སྤྱོད་མངོན་གསལ་དོད་པོ་ཡོང་བ་དང་། “ཚོགས་ཆུང་གཅིག་དང་རུ་ཁག་ལྔའི”དམག་མིའི་སྦྱོང་བརྡར་སྒྲིག་འཛུགས་བྱས་ཏེ་འཕྲལ་སྡོམ་དང་ལེན་དང་། བབ་བསྟུན་བསྡུ་རུབ། བྱ་སྤྱོད་ལག་བསྟར། ཕྱིར་འཐེན་འཛུགས་སྐྲུན་བཅས་ཀྱི་དུས་མཚམས་བཞིའི་འགན་ལེན་བྱ་སྤྱོད་སྒྲིག་འཛུགས་ལག་བསྟར་གྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།