[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་གཞིས་རྩེར་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་9ཚེས་28ཉིན་ནས་ཟླ་10ཚེས་6ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཙུའུ་ཀྲང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་ཙུའུ་ཀྲང་གཞོན་པ་གནང་བའི་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཁག་བགོས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་འབྲེལ་ཡོད་སྡེ་ཚན་དུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་རྫོང་དང་། ཆུས། ཤང་དང་གྲོང་རྡལ། སློབ་གྲྭ། གྲོང་ཚོ། དགོན་སྡེ། བཟོ་གྲྭ། གྲོང་གསེབ། འབྲོག་ཁུལ། ཞིབ་བཤེར་ས་ཚིགས། དམངས་ཕན་ཉེན་རྟོག་ས་ཚིགས་སོགས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་འཐབ་ས་དང་པོར་བསྐྱོད་ནས་བརྟན་ལྷིང་སྲུང་སྐྱོང་དང་། བདེ་འཇགས་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། གཞི་རིམ་ཏང་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་སོགས་ཀྱི་ལས་དོན་ཐད་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གཏིང་ཟབ་བྱས་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་དང་མཉམ་དུ་སྤྲོ་སེམས་འཁོལ་ཞིང་ཞི་མཐུན་གྱི་དུས་ཆེན་གཟབ་རྒྱས་ལ་རོལ་བ་རེད།

    དེའི་རིང་། ཅང་ཅེས་བསམ་གྲུབ་རྩེ་ཆུས་དང་། རིན་སྤུངས་རྫོང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། ལྷ་རྩེ་རྫོང་། དིང་རི་རྫོང་། ས་སྐྱ་རྫོང་། རྣམ་གླིང་རྫོང་སོགས་ཀྱི་རྫོང་དང་ཆུས་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་། རྫོང་དང་ཤང་ཏང་ཨུད་སྲིད་གཞུང་དང་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་བཀོད་འདོམས་ལྟེ་གནས། སོ་ནམ་པ་ནས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི། ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་བཤམས་སྟོན་གླིང་། རེ་ས་ཤང་བྱང་གོང་གྲོང་ཚོ། པའེ་ཡ་ཁྲེང་ཞིང་ལས་ཚོང་དོན་ཚད་ཡོད་ཀུང་སི། མདོ་བརྗོད་ཤང་བོད་བྱ་གསོ་ཚགས་རྟེན་གཞི། སྡོང་ཕྲུག་མུའུ་ཁྲིའི་ཁུང་ཨ་ཧའེ་ཐང་འདེབས་འཛུགས་རྟེན་གཞི་སོགས་སུ་བསྐྱོད་ནས་ལས་རེས་བྱེད་བཞིན་པའི་ལས་བྱེད་པ་དང་ཉེན་རྟོག་པ་དང་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་ཞུས་པ་དང་། ལས་གཏོད་བྱེད་བཞིན་པའི་སློབ་ཆེན་སློབ་མ་དང་། གྲོང་ཚོར་མངགས་པའི་ལས་བྱེད་པ། གཞི་རིམ་ལས་བྱེད་པ་དང་ལས་བཟོ། བོད་སྐྱོར་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་བཅས་དང་གླེང་མོལ་གཏིང་ཟབ་བྱས་ཏེ། ཚང་མས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་ནས་ལས་དོན་ཡག་པོ་སྒྲུབ་པ་དང་། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས་པའི་སྐུལ་ལྕག་གནང་བ་རེད།

    རྒྱལ་མཚན་དང་། ཀྲང་ཡན་ཆིང་སོགས་ཀྱིས་ཁག་སོ་སོར་པ་སྣམ་རྫོང་དང་། ཁང་དམར་རྫོང་། གཏིང་སྐྱེས་རྫོང་། གམ་པ་རྫོང་། དིང་རི་རྫོང་། གཉའ་ལམ་རྫོང་སོགས་དང་དེ་བཞིན་མཐའ་མཚམས་འཐབ་ས་དང་པོའི་ས་གནས་ས་ཐོག་ཏུ་ཞིབ་བཤེར་མཛུབ་སྟོན་གནང་བ་མ་ཟད། ཤངས་ཆུ་ཆུ་བེད་ཀྱི་ལྟེ་བ་དང་ལེ་ལག་ཚང་བའི་ཆུ་འདྲེན་ལས་གྲྭ། དབུལ་སྐྱོར་ལས་དོན་བཅས་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།