[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • ལྟོ་ཆས་བཟས་རྗེས་གནོད་པ་ཆེ་བའི་གོམས་གཤིས་ལྔ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-27

    1. ལྟོ་ཆས་བཟས་མ་ཐག་ཐ་མག་འཐེན་པའི་གོམས་གཤིས་ངན་པ་དོར་དགོས། ལྟོ་ཆས་བཟས་རྗེས་ཐ་མག་རྐང་གཅིག་འཐེན་ཡང་དེའི་དུག་རྒྱུའི་གནོད་བྱེད་ཐ་མག་རྐང་10འཐེན་པ་དང་མཚུངས་ཀྱི་ཡོད།

    2. ལྟོ་ཆས་བཟས་མ་ཐག་གཉིད་ཉལ་རྒྱུ་མེད། ལྟོ་ཆས་བཟས་མ་ཐག་གཉིད་ཉལ་ན་ལྟོ་ཆས་རྣམས་ཕོ་བ་དང་རྒྱུ་མའི་ནང་ལུས་ནས་འཇུ་ཁག་པོ་ཡོད་པས་དུས་ཚོད་རིང་པོ་སོང་ན་ཕོ་བ་དང་རྒྱུ་མའི་གཉན་ཚད་ཕོག་སླ་པོ་ཡོད།

    3. ལྟོ་ཆས་བཟས་མ་ཐག་འགུལ་སྐྱོད་དྲག་པོ་བྱ་མི་ཉན། དེ་ལྟར་བྱས་ན་ཕོ་རྒྱུས་ཟས་འཇུ་ལེན་ལ་ཤུགས་རྐྱེན་ཐེབས་ནས་ཟས་བཅུད་ལེན་པར་འགལ་རྐྱེན་བཟོ་ཡི་ཡོད།

    4. ལྟོ་ཆས་བཟས་རྗེས་ལམ་སེང་ཤིང་འབྲས་བཟས་ན་གྲོད་པ་སྦོས་སླ་པོ་ཡོད། ཤིང་འབྲས་རིགས་ལྟོ་ཆས་བཟས་རྗེས་ཀྱི་ཆུ་ཚོད་གཉིས་འགྲོ་མཚམས་སུ་ཟ་དགོས།

    5. ལྟོ་ཆས་རྒྱགས་ཚད་བཟས་ནས་གཟུགས་པོ་བཀྲུ་རྒྱུ་མེད། ལྟོ་ཆས་བཟས་རྗེས་གཟུགས་པོ་བཀྲུས་ན་ཡན་ལག་བཞི་དང་པགས་པའི་ངོས་ཁྲག་རྒྱུག་ཚད་མང་དུ་འགྲོ་བ་དང་། ཕོ་རྒྱུར་ཁྲག་རྒྱུག་ཚད་བལྟོས་བཅས་ཀྱིས་ཉུང་དུ་ཕྱིན་ནས་ཟས་འཇུ་ལེན་གྱི་ནུས་པ་ཞན་དུ་འགྲོ་ཡི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།