[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྣ་དཀར་རྩེ་རྫོང་གིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི“ཉེན་འགོག་ལྕགས་རི”བསྐོར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཤེས་བྱའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དགེ་སློབ་ཀུན་གྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། སྣ་དཀར་རྩེ་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཞིབ་བཤེར་ཅུས་ཀྱིས“སློབ་གྲྭའི་ནང་དུ་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དགེ་སློབ་ཡོངས་ཀྱི་གཟུགས་པོ་བདེ་ཐང་འགན་ལེན་བྱེད་པའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི“ཉེན་འགོག་ལྕགས་རི”བསྐོར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ཐོག་ཤེས་བྱ་འཆད་ཁྲིད་དང་། མཉམ་འགུལ། བརྙན་ལམ་ལ་ལྟ་བ་སོགས་ཀྱི་བྱེད་སྟངས་སྤྱད་ཅིང་། འཆད་ཁྲིད་ཐོག་སྣ་དཀར་རྩེ་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཞིབ་བཤེར་ཅུས་ཀྱི་ལས་དོན་མི་སྣས་བློ་བདེའི་བཟའ་བཅའ་ཇི་ལྟར་ཉོ་བ་དང་། བཟའ་བཅའ་རྫུས་ཞན་ཇི་ལྟར་དབྱེ་འབྱེད་བྱེད་པ། བཟའ་བཅའ་གང་དག་ཉུང་བཟའ་ཉུང་འཐུང་བྱེད་དགོས་པ། བཟའ་བཅའ་གང་དག་ཟ་མི་རུང་བ། ཟས་དུག་ཇི་ལྟར་སྔོན་འགོག་བྱེད་པ་སོགས་དཔེ་དྲངས་ནས་བཟའ་བཅའི་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་ཀྱང་བརྒྱབ་པ་དང་། “མེད་པ་གསུམ”གྱི་ཐོན་རྫས་དང་དུས་ཡོལ་བཟའ་བཅའི་གནོད་འཚེའི་རང་བཞིན་དང་འཛེམ་བྱ་ངོ་སྤྲོད་ཞིབ་ཚགས་བྱས་པ་དང་ཆབས་ཅིག སློབ་མ་ཚོར་རང་སྲུང་ནུས་པ་ཆེ་རུ་བཏང་སྟེ་ཆུང་དུས་ནས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ནས་གཟུགས་པོའི་བདེ་ཐང་ཚད་གཞི་མཐོ་རུ་གཏོང་རྒྱུའི་སློབ་གསོ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།