[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས།

    ཡིག་རྒྱུགས་གཏོང་རིང་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་ལ་བཅོས་སྒྲིག་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-07

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱ་ཆེའི་སློབ་མར་ཡིག་རྒྱུགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས《2019ལོའི་ཡིག་རྒྱུགས་གཏོང་རིང་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག》གི་ལས་ཀའི་ཇུས་གཞི་བཟོས་པ་མ་ཟད། གཏོགས་ཁོངས་རུ་ཆེན་ཁག་ལ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བཅོས་སྒྲིག་དུས་ཚོད་ནི་ཟླ་5ཚེས་30ཉིན་ནས་ཟླ་6ཚེས་22ཉིན་བར་ཡིན་ཞིང་། བཅོས་སྒྲིག་ཁྱབ་ཁོངས་ནི་སློབ་གྲྭ་ཁག་གི་མཐོ་རྒྱུགས་རྒྱུགས་གནས་དང་། འབྲིང་རྒྱུགས་རྒྱུགས་གནས། ཆུང་རྒྱུགས་རྒྱུགས་གནས་བཅས་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།