[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
 • རིག་གནས་ཐད་རང་གིས་དད་གུས་བྱེད་སའི་མི་ཞིག་ངེས་པར་དུ་དགོས།

 • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

  1999ལོར་ཚེ་བརྟན་བུ་ཁྲིད་སློབ་གྲྭ་ཐོན་རྗེས་ལྷ་སར་ལོག་ནས་ལས་ཀར་གཞོལ། སྐབས་དེ་དུས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྒྲིག་བཀོད་སྒྲིག་ཆས་ཡག་པོ་མེད་པའི་ཐོག་དཔེ་དེབ་ཀྱི་སྣ་ཁ་ཡང་འཛོམས་པོ་དེ་ཙམ་མེད། ཁོང་ནི་སྐབས་དེ་དུས་ཀློག་པ་པོ་མང་པོ་མེད་པའི་ནང་གི་གྲས་ཤིག་རེད། ཚེ་བརྟན་བུ་ཁྲིད་ཀྱིས “རང་ལོ་30ལྷག་ཙམ་ལ་སོན་སྐབས་རིམ་གྱིས་དཔེ་ཀློག་གི་ཁ་ཕྱོགས་རྙེད་བྱུང་། འབོལ་རྩོམ་གྱི་རྣམ་པའི་ཐོག་ནས་ལོ་རྒྱུས་དང་རིག་གནས་འཁོད་པའི་དེབ་ལ་དགའ་ཞེན་ཆགས་པ་དང་། རིག་གནས་ཐོག་རང་གིས་དད་གུས་བྱེད་སའི་སྐྱེ་བོ་དམ་པ་དགེ་འདུན་ཆོས་འཕེལ་དང་ཡུས་ཆུའུ་ཡུའུ་སོགས་ཀྱང་ཡོད ”ཅེས་བཤད། ཚེ་བརྟན་བུ་ཁྲིད་ཀྱིས“ཆུང་དུས་སློབ་གྲྭ་དང་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་དེ་ཙམ་མེད་པས། སྤྱིའི་ཆས་ནས་སློབ་གསེང་གི་དཔེ་ཆ་གཞན་བཀླགས་མ་མྱོང་། སྐད་ཡིག་སློབ་ཚན་སྐབས་སུ་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་བཀླག་རྒྱུ་ཡོད་པས། བརྩམས་ཆོས་དེ་དག་གིས་ཡིད་དབང་ཕྲོགས་ནས་ཡང་ནས་ཡང་དུ་ཀློག་གི་ཡོད་མོད།  སྐབས་དེར་སློབ་གྲྭའི་སྐར་གྲངས་གལ་འགངས་ཆེ་བར་བརྩིས་ནས་གཙོ་བོ་སློབ་གཞིའི་ནང་དོན་ཡག་པོ་སྦྱངས་ན་འགྲིག་གི་རེད་སྙམ་གྱི་ཡོད ”ཅེས་ཕྱིར་དྲན་བྱས་ནས་བཤད། སློབ་ཆེན་གྱི་སྐབས་སུ་དངོས་སུ་སློབ་གསེང་གི་ཀློག་དེབ་བཀླག་རྒྱུ་འགོ་བཙུགས་པ་ཡིན། བདག་གི་ཉལ་ཁང་གཅིག་པའི་སློབ་གྲོགས་ཤིག་དུས་རྒྱུན་དཔེ་ཆ་བཀླག་རྒྱུར་ཤིན་ཏུ་དགའ་པོ་ཡོད། 《རིག་གནས་ཀྱི་དཀའ་སྡུག་ཆེ་བའི་ཡུལ་སྐོར》ཞེས་པའི་དཔེ་ཆས་ཁོང་ལ་བག་ཆགས་གཏིང་ཟབ་བཞག་འདུག  “ཁོ་མོས་དཔེ་ཆ་དེ་ཡང་ནས་བསྐྱར་དུ་ཀློག་གི་འདུག་པས། ང་རང་ཡ་མཚན་སྐྱེས་ནས་དཔེ་ཆ་དེ་ལན་གཅིག་གཡར་བ་ཡིན། དཔེ་ཆ་གཡར་རྗེས་ངའི་རྒྱ་ཡིག་རྨང་གཞི་སྐྱོ་དྲགས་པའི་དབང་གིས་དཔེ་ཆའི་ནང་དོན་གོ་བ་ལེན་ཐུབ་ཀྱི་མི་འདུག འོན་ཀྱང་། ངས་བློས་མ་བཏང་མར་སྔར་ལས་ལྷག་པའི་སྒོ་ནས་འབད་བརྩོན་བྱས་པ་ཡིན། ངས་དང་ཐོག་ནུས་ཤུགས་ཡོད་རྒུས་ཉལ་ཁང་གཅིག་པའི་ཉལ་གྲོགས་ལ་ཡོད་པའི་དཔེ་ཆ་ཀློག་པ་དང་། མ་ཤེས་པའི་མཚམས་སུ་སློབ་གྲོགས་ཁོང་དང་བགྲོ་གླེང་བྱེད་ཀྱི་ཡོད། ཉལ་གྲོགས་ཁོང་གིས་ང་ལ 《དཀྱུས་མའི་འཇིག་རྟེན》དང《མུའུ་སི་ལིན་གྱི་དུར་འཇུག་མཛད་སྒོ》ཞེས་པའི་དཔེ་ཆ་བཀླག་རྒྱུར་མཛུབ་སྟོན་བྱས་བྱུང་། དུས་དེ་ནས་བཟུང་། ཚེ་བརྟན་བུ་ཁྲིད་ཀྱི་རྐང་པ་ཡ་གཅིག་ཤེས་རིག་གི་རྒྱ་མཚོ་ཆེ་མོའི་ནང་སྤོ་འགོ་ཚུགས་པ་དང་། དཔེ་ཆས་ཁོང་གི་ཡིད་དབང་དབང་མེད་དུ་འཕྲོག 

  དུས་དེ་ནས་བཟུང་ཚེ་བརྟན་བུ་ཁྲིད་ཀྱིས་སློབ་ཆེན་སྐབས་ཟླ་རེའི་འཚོ་བའི་འགྲོ་གྲོན་ནས་དངུལ་ཕྲན་བུ་གྲོན་ཆུང་བྱས་ཏེ་དཔེ་དེབ་ཉོ་བ་དང་། སློབ་གྲྭའི་དཔེ་མཛོད་ཁང་གི་རྒྱུན་ཕེབས་མགྲོན་པོར་གྱུར། 1999ལོར་ཚེ་བརྟན་བུ་ཁྲིད་སློབ་གྲྭ་ཐོན་རྗེས་ལྷ་སར་ལོག་ནས་ལས་ཀ་བྱས། སྐབས་དེ་དུས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྒྲིག་ཆས་ཡག་པོ་མེད་པའི་ཐོག་དཔེ་དེབ་ཀྱི་སྣ་ཁ་ཡང་འཛོམས་པོ་མེད་མོད། ཁོང་ནི་སྐབས་དེ་དུས་ཀློག་པ་པོ་མང་པོ་མེད་པའི་ནང་གི་གྲས་ཤིག་རེད། ཚེ་བརྟན་བུ་ཁྲིད་ཀྱིས “དཔེ་དེབ་ཀློག་པར་རང་ཉིད་ལ་འདེམས་ཕྱོགས་དང་། རིག་གནས་ཐད་རང་གིས་དད་གུས་བྱེད་སའི་མི་ཞིག་ངེས་པར་དུ་དགོས།  རང་ཉིད་སློབ་ཆེན་གྱི་སྐབས་སུ་ཉལ་གྲོགས་ཀྱིས་དཔེ་ཆ་གང་ངོ་སྤྲོད་བྱས་པ་དེ་བཀླགས་པ་མ་གཏོགས་རང་ལ་ཁ་ཕྱོགས་རྙེད་མ་བྱུང་། རང་ལོ་30ལྷག་ཙམ་ལ་རིམ་གྱིས་ལྟ་ཀློག་གི་ཁ་ཕྱོགས་རྙེད་ནས། རང་ཉིད་འབོལ་རྩོམ་གྱི་རྣམ་པའི་ཐོག་ནས་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ལྡན་པའི་དཔེ་དེབ་བཀླག་རྒྱུར་དགའ་ཞེན་ཆགས་པ་དང་། རིག་གནས་ཐོག་རང་གིས་དད་གུས་བྱེད་སའི་སྐྱེ་བོ་དམ་པ་དགེ་འདུན་ཆོས་འཕེལ་དང་ཡུས་ཆུའུ་ཡུའུ་སོགས་ཀྱང་ཡོད”ཅེས་བཤད། ཡང་ཁོང་གིས“དཔེ་ཆ་བཀླག་རྒྱུར་དགའ་པོ་མེད་པའི་མི་རིགས་ནི་རེ་བ་མེད་པའི་མི་རིགས་ཤིག་རེད། ཡུ་གུ་དཱ་པ་བས་ལོ་རེའི་མི་རེའི་ཆ་སྙོམས་དཔེ་དེབ་ཀློག་གྲངས་64ཡིན་པ་དང་། 2018ལོར་རང་རྒྱལ་གྱི་ན་གཞོན་གྱི་ལོ་རེའི་མི་རེའི་དཔེ་དེབ་ཀློག་གྲངས་4.64དང་།  དར་མའི་ལོ་རེའི་མི་རེའི་གློག་རྡུལ་དེབ་ཀློག་གྲངས་3.32ཡིན། བོད་ལ་མཚོན་ན་དཔེ་དེབ་ཀློག་གྲངས་དེ་བས་ཉུང་བ་ཡོད། བོད་དུ་བོད་ཡིག་དཔེ་ཀློག་གི་དགོས་མཁོ་ཆེ་བས་ང་ཚོས་གསོ་སྐྱོང་དང་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། བོད་ཀྱི་དཔེ་ཀློག་གི་རྣམ་པ་སེམས་ནང་བསམ་པ་བཞིན་བྱུང་མེད་ཀྱང་། ང་ཚོས་མུ་མཐུད་འབད་བརྩོན་གྱི་ལམ་བུར་སྐྱོད་བཞིན་ཡོད། མིག་སྔར་རྒྱ་ཆེའི་ཀློག་པ་པོའི་དཔེ་ཀློག་གི་འདུ་ཤེས་དང་ཤེས་བྱར་བཅངས་བའི་འདུན་པ་རིམ་པས་ཆེ་རུ་འགྲོ་བཞིན་ཡོད”ཅེས་བཤད། མིག་སྔར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལྷ་སའི་ཀོག་ཧྥེ་ཁང་ཁ་ཤས་དང་མཉམ་ལས་བྱས་ནས་དཔེ་ཀློག་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། མ་འོངས་པའི་ལོ་ཟླའི་ནང་ད་དུང་གྲོང་ཁྱེར(ས་ཁུལ)ཁག་ཏུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད། ཚེ་བརྟན་བུ་ཁྲིད་ཀྱིས “ ང་ཚོས་ཐེངས་ཤིག་ལོང་བར་དམིགས་ནས་ཤེས་བྱ་འགྲན་བསྡུར་ཞིག་སྤེལ་བ་ཡིན། ལོང་བའི་ཀློག་པ་པོ་དག་གིས་ང་ཚོར་སེམས་འགུལ་ཚད་ཐེབས་བྱུང་། ཁོང་ཚོས་འགྲན་བསྡུར་མ་བྱས་གོང་། ཉིན་ལྟར་མཚན་གུང་གི་ཆུ་ཚོད་གཉིས་པ་གསུམ་པ་བར་དཔེ་ཀློག་བྱས་ནས་སྡོད་ཀྱི་ཡོད།  ཞོགས་པ་སྔ་པོ་ནས་ལངས་ཏེ་འགྲན་བསྡུར་ཀྱི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད།  ཁོ་ཚོས་ཤེས་བྱ་རིག་གནས་སྦྱོང་འདོད་ཀྱི་བློ་སྐོམ་པ་ཆུ་འདོད་ལྟར་ཡོད་པ་ནི་རྒྱུན་ལྡན་གྱི་མི་རྣམས་ཀྱིས་བསྡུར་ཐབས་མེད་པ་ཞིག་རེད། ལོང་ཡིག་དཔེ་དེབ་ཀྱི་བོངས་ཚད་ཆེ་བས་དཔེ་ཀློག་བྱེད་སྐབས་དང་ཕྱི་ལ་འཁྱེར་དུས་སྟབས་བདེ་པོ་མེད། ཕྱིས་སུ་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་བཞིན་པའི་ལོང་བའི་གྲངས་འཛིན་དཔེ་ཀློག་ཁྱབ་གདལ་ལས་གྲྭར་བརྟེན་ནས་རིག་ནུས་དཔེ་ཉན་འཕྲུལ་འཁོར་1000ལྷག་ཙམ་བརྩོན་ལེན་ཐུབ་ནས་ལྗོངས་ཡོངས་ཀྱི་ས་གནས་ཁག་གི་དཔེ་མཛོད་ཁང་དུ་སྤྲད་པས། ལོང་བའི་ཀློག་པ་པོས་དཔེ་ཀློག་ཐུབ་ཀྱི་ཡོད། དཔེ་ཉན་འཕྲུལ་འཁོར་དེས་ཀྲུང་གོའི་ལོང་ཡིག་དཔེ་མཛོད་ཁང་གི་དྲ་ཚུགས་དང་སྦྲེལ་ནས་གྲངས་གཞི་ཐད་ཀར་ཕབ་ལེན་ཐུབ་ཀྱི་ཡོད་པས། ལོང་བའི་ཀློག་པ་པོར་ཧ་ཅང་སྟབས་བདེ་བསྐྲུན་ཡོད།

  དཔེ་མཛོད་ཁང་ནི་དཔེ་ཀློག་ཁྱབ་གདལ་གཏོང་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་དཔེ་ཀློག་ཁྱབ་གདལ་གཏོང་བར་སྤྱི་ཚོགས་ཀྱི་ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། 

  --    --

  འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།