[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རྒྱལ་ཡོངས་སློབ་གྲྭ་ཆེ་མོ་བའི་འོད་གློག་ཇུས་འགོད་འགྲན་བསྡུར་ནང་བོད་ལྗོངས་སློབ་ཆེན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

    ཉེ་ཆར། ཆིང་ཏའོ་སློབ་ཆེན་དུ་གཉེར་བའི2019ལོའི་རྒྱལ་ཡོངས་སློབ་གྲྭ་ཆེ་མོ་བའི་འོད་གློག་ཇུས་འགོད་འགྲན་བསྡུར་སྐབས་བདུན་པའི་མཐའ་བསྡུར་ནང་བོད་ལྗོངས་སློབ་ཆེན་བཟོ་བཀོད་སློབ་གླིང་གི་སློབ་མ་ལས་གྲུབ་པའི“ས་མཐོའི་ཁྲུང་ཁྲུང”ཚོགས་པར་རྒྱལ་ཁབ་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། བོད་ལྗོངས་སློབ་ཆེན་ལ་ཕུལ་བྱུང་གི་སྒྲིག་འཛུགས་བྱ་དགའ་ཐོབ་པ་རེད།

    རྒྱལ་ཡོངས་སློབ་གྲྭ་ཆེ་མོ་བའི་འོད་གློག་ཇུས་འགོད་འགྲན་བསྡུར་གྱི་དམིགས་ཡུལ་ནི་མཐོ་སློབ་ཀྱི་འོད་གློག་རིགས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་སློབ་གསོའི་གྲུབ་འབྲས་བསྟན་ནས་སློབ་གྲྭ་ཆེ་མོ་བར་གསར་གཏོད་ལས་གཏོད་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ཡོད། བོད་ལྗོངས་སློབ་ཆེན་གྱིས་མངགས་པའི“ས་མཐོའི་ཁྲུང་ཁྲུང”དང“གངས་ལྗོངས་ཀྱི་ཁྲུང་ཁྲུང”སོགས་ཀྱི་ཚོགས་པ་འགྲན་བསྡུར་ནང་ཞུགས་ཤིང་། འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། བོད་ལྗོངས་སློབ་ཆེན་བཟོ་བཀོད་སློབ་གླིང་གི“ས་མཐོའི་ཁྲུང་ཁྲུང”ཚོགས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། ཁོང་ཚོས་ཇུས་འགོད་བྱས་པའི་བརྩམས་ཆོས་ཀྱི་ཐོག་མའི་བསམ་ཕྱོགས་དང་གསར་གཏོད་ཀྱི་དམིགས་ཡུལ་ལ་སྒྲིག་འཛུགས་ཨུ་ལྷན་གྱིས་ཚད་མཐོའི་གདེང་འཇོག་ཐོབ་ནས་ཆེད་ལས་ཤེས་བྱ་དང་གསར་གཏོད་ལག་ལེན་ཟུང་དུ་འབྲེལ་བ་མཚོན་ཡོད་ལ། རང་ལྗོངས་ཀྱི་བཟོ་བཀོད་སློབ་ཁྲིད་ཁྱབ་ཁོངས་སུ་ཐོབ་པའི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་ཀྱང་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།