[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་སྡོད་དཔུང་སྡེ་ཞིག་གིས།

    བཀས་བཅད་ཁྲིམས་སྲོལ་གྱི་རིགས་པའི་གཞུང་ལུགས་ཡིག་རྒྱུགས་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

    དཔོན་དམག་གི་བཀས་བཅད་ཁྲིམས་སྲོལ་འདུ་ཤེས་སྔར་བས་ཟབ་ཏུ་དང་། ཚན་པ་ཁག་གི་ཚད་ལྡན་ཅན་འཛུགས་སྐྱོང་གི་ཆུ་ཚད་མཐོར་གཏོང་། འཐབ་ནུས་མཐོར་གཏོང་དང་ཁྲིམས་ལྟར་དམག་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། བོད་སྡོད་དཔུང་སྡེ་ཞིག་གི་ཐད་གཏོགས་ལས་དོན་ཁྲུའུ་ཡིས་སྒོ་རའི་ནང་ཁུལ་གྱི་ལས་ཁུངས་ཚན་པ་དང་ཉེན་སྲུང་ལས་སྒྲུབ་ཡིང་ཤོག་གི་དཔོན་དམག་སྒྲིག་འཛུགས་བྱས་ཏེ་དུས་འགོར་སྤེལ་བའི“བཀས་བཅད་སྦྱོང་བ་དང་། བཀས་བཅད་སྤྱོད་པ། བཀས་བཅད་སྲུང་བ”བཅས་ཀྱི་བྱེད་སྒོར་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྡོད་དཔུང་སྡེ་དེས་ལས་ཁུངས་དང་ཐད་གཏོགས་ཟུར་གཏོགས་ཚན་པའི་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་རྩའི་དམིགས་ཚད་ལ་བརྩིས་ནས་དཔོན་དམག་གི་བསམ་བློའི་ལྷོད་གཡེང་དང་། སྒྲིག་ཁྲིམས་ཀྱི་བག་གཡེང་། སྤྱོད་ཚུལ་གྱི་རྣམ་གཡེང་སོགས་ཀྱི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱེད་རྒྱུ་ནས་འགོ་བཙུགས་ཏེ་དཔུང་སྡེའི་སྤྱོད་ཚུལ་དང་། སྒྲིག་ཁྲིམས། ངར་ཤུགས་བཅས་ནན་པོས་བསྐྱངས་པ་དང“སྒྲིག་ཁྲིམས་བཞི”ཚད་ལྡན་དུ་བཏང་བ་རེད། ད་ཐེངས་ཀྱི་བྱེད་སྒོར་ཚན་པ་ཁག་གི་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་སྣ་མང་བརྒྱུད་དཔོན་དམག་བྱེད་སྒོར་ཞུགས་པའི་ཧུར་སེམས་སྐོང་འཐེན་བྱས་པ་དང་། བསམ་བློའི་ཐད་ནས་དཔོན་དམག་ཚོས་བཀས་བཅད་ཇི་བཞིན་སྒྲུབ་པའི་རང་རྟོགས་རང་བཞིན་ཆེ་རུ་བཏང་བ། བྱ་སྤྱོད་ཐད་ནས་དཔོན་དམག་ཚོས་སྒྲིག་བརྩི་སྲོལ་སྲུང་གི་གཅུན་འདོམས་རང་བཞིན་ཆེ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།