[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཉིང་ཁྲིས་མཐོ་སློབ་སློབ་ཐོན་སློབ་མར་ལས་འདེམས་ལྟ་བར་འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

    ཉེ་ཆར། ཀོང་ཏུང་དུ་ལས་ཞུགས་བྱེད་པར་སྐྱོད་མཁན་ཉིང་ཁྲིའི་དཔེ་མཚོན་དང་། ལས་གཏོད་དཔེ་མཚོན། མཐོ་སློབ་ལྟེ་བའི་ལས་དོན་མི་སྣ་བཅས་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་ཉིང་ཁྲིའི་རྫོང(ཆུས)བདུན་དུ་བསྐྱོད་དེ“ལྔ་སྐྱོད་གཅིག་སྐྱེལ”གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    “རང་ཉིད་སྐབས་དེར་ཀོང་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པའི་ཆེད་དོན་ལས་བསྡུའི་འདུ་ཚོགས་ལ་མིང་ཐོ་བཀོད་ནས་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཧྲེན་ཀྲེན་དུ་ལས་ཀ་བྱེད་རིང་ང་ལ་ཤེས་བྱ་མང་པོ་ཤེས་བྱུང་ལ་ངའི་འཇོན་ཐང་ཡང་ཆེ་རུ་ཕྱིན་པ་དང་ཆབས་ཅིག གྲོང་ཁྱེར་དེའི་སྒོ་དབྱེ་དང་འཕེལ་རྒྱས་ཀྱིས་ཡིད་དབང་རྦད་དེ་འཕྲོག་བྱུང་། རང་ཉིད་ཧྲེན་ཀྲེན་ལ་དགའ་པོ་ཡོད། ཚང་མས་གོ་སྐབས་དམ་འཛིན་བྱས་ཏེ་ཀོང་ཏུང་དུ་ལས་ཞུགས་བྱེད་པར་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་2018ལོར་ཧྲན་ཏུང་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། ད་ཆ་ཧྲེན་ཀྲེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ལས་ཀ་བྱེད་བཞིན་པའི་ཚེ་རིང་བདེ་སྐྱིད་ཀྱིས་བཤད། ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་དཔེ་མཚོན་དང་ཀོང་པོ་རྒྱ་མདའ་རྫོང་བརྡ་ཁྱབ་ཇུས་འགོད་ཚད་ཡོད་ཀུང་སི་འཛུགས་མཁན་རྡོ་རྗེ་ཚེ་ཕུན་གྱིས་ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་སྦྲགས་མཐོ་སློབ་སློབ་ཐོན་སློབ་མ་ཚོར་གདོང་ལེན་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ་བྱས་ཏེ་སྤོབས་པ་ཆེན་པོས་མི་ཚེའི་གོམ་པ་དང་པོ་དེ་ཡག་པོ་སྤོས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་རྒྱུར་ལྕག་སྐུལ་ཡང་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་མཐོ་སློབ་ལྟེ་གནས་ཀྱི་ལས་དོན་མི་སྣས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་ལྗོངས་ཕྱིའི་ལས་ཞུགས་སྲིད་ཇུས་སྒྲོག་འགྲེལ་དང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་མིག་སྔའི་ལས་ཞུགས་དུས་བབ་ལ་དབྱེ་ཞིབ་ཀྱང་གཏིང་ཟབ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་དང་ལས་གཏོད་སོགས་ཀྱི་རྣམ་པ་འདྲ་མིན་གྱི་སྒོ་ནས་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད། སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་རིང་ལས་དོན་པས་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་ལས་གནས་800ལྷག་ཙམ་མཁོ་འདོན་བྱས་ཏེ། ཚང་མ་ཁྲོམ་ར་བརྒྱུད་ལས་ཞུགས་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། དུས་མཚུངས་སུ་ཀོང་ཏུང་ཞིང་ཆེན་ཆེད་དོན་ལས་བསྡུའི་འདུ་ཚོགས་ཀྱི་སྐྱེ་ཁུངས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་100བསྡུ་བའི་འབྲེལ་ཡོད་དོན་ཚན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། མིག་སྔར་མེ་ཏོག་རྫོང་དང་། རྫ་ཡུལ་རྫོང་། སྤོ་བོ་རྫོང་བཅས་སུ་ས་གནས་ས་ཐོག་ཏུ་མིང་ཐོ་བཀོད་དེ་ཀོང་ཏུང་དུ་ལས་ཞུགས་བྱེད་པར་འགྲོ་འདོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མ་80ལྷག་ཙམ་ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།