[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྗོངས་མི་སྤྱི་ཐིང་གིས།

    ​ སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མས་ལྗོངས་ཕྱིར་ལས་ཞུགས་བྱེད་པར་ལྕག་སྐུལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-20

    “ཤེས་ལྡན་པའི་བོད་སྐྱོར”བྱས་པ་དང་དུས་མཚུངས། ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྗོངས་ཕྱིའི་སྤེལ་རེས་སྲིད་ཇུས་དོན་འཁྱོལ་ལག་བསྟར་རིམ་པས་བྱུང་ཞིང་། ད་ཆ་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་མང་པོ་ཞིག་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་དུ་འཇོན་ཐང་སྦྱོང་བར་བསྐྱོད་ཡོད་པ་རེད། གསར་འགོད་པས་དེའི་ཐད་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུ་ལྟེ་གནས་སུ་བཅར་འདྲིར་བསྐྱོད་པ་ཡིན།

    རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དགོས་མཁོར་ཤེས་རྟོགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ཀྱི་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་དང་། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྗོངས་ཕྱིའི་སྤེལ་རེས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་རེད། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱི་ལས་བྱེད་པ་ཁྲེན་ཀྲི་ཐེན་གྱིས། ཁ་གཏད་རོཌ་སྐྱོར་གྱི་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁ་ཕྱོཌ་གཏན་འཁེལ་དང་སྐར་གྲངས་ལོགས་སུ་དབྱེ་བའི་བྱ་ཐབས་ལ་བརྟེན་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པར་མཐུན་སྦྱོར་ཧུར་ཐག་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    “མིག་སྔར། ང་ཚོས་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀྲུང་དབྱང་ཁེ་ལས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ལས་གནས་བཀོད་སྒྲིག་གི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག སི་ཁྲོན་དང་། ཧྲའན་ཤིས། ཁྲུང་ཆིང་སོགས་པའི་ས་གནས་ནས་ལས་གནས་གང་ཐུབ་བརྩོན་ལེན་བྱ་རྒྱུ་མ་ཟད། བོད་སྐྱོར་བྱེད་མཁན་ཀྲུང་དབྱང་ཁེ་ལས་ཚང་མས་ལོ་ལྟར་དོ་དམ་རིགས་ཀྱི་ལས་གནས་20ལས་མི་ཉུང་བ་དང་ལས་ཞུགས་ལས་གནས་100ལས་མི་ཉུང་བ་མཁོ་འདོན་བྱེད་པར་བརྩོན་ལེན་བྱ་རྒྱུ་དང་། བོད་སྐྱོར་བྱེད་མཁན་ཀྲུང་དབྱང་ཁེ་ལས་ཚང་མས་ལས་ཞུགས་ལས་གནས་2000ལས་མི་ཉུང་བ་མཁོ་འདོན་བྱེད་པའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་ཁྲེན་ཀྲི་ཐེན་གྱིས་བརྗོད།

    བོད་དུ་ལོག་པའི་ལས་ཞུགས་ཐབས་ལམ་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུའི་ལས་དོན་སྐོར་གླེང་སྐབས། ཁྲེན་ཀྲི་ཐེན་གྱིས“ལྗོངས་ཕྱིའི་བྱ་གཞག་ཚན་པར་ལས་ཞུགས་ཐུབ་པའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་ཞུགས་ནས་ལོ་གཅིག་སོང་རྗེས། སྒེར་གྱི་འདོད་འདུན་དང་འབྲེལ་ཡོད་ལས་གནས་ཀྱི་དགོས་མཁོར་གཞིགས་ཏེ། ཤེས་ལྡན་པ་ནང་འདྲེན་དང་འདེམས་སྒྲུག་སོགས་ཀྱི་ཐབས་ལམ་བརྒྱུད། ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་ཚན་པར་ལས་སྒྱུར་བྱེད་ཆོག”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།