[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་ཀྱིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    ལོ་བརྒྱའི་ཇུས་ཆེན་སློབ་གསོར་རག་ལས་པ་དང་། སློབ་གསོའི་ཇུས་ཆེན་གྱི་རྩ་བ་དགེ་རྒན་ལ་རག་ལས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་དགེ་རྒན་གྱིས་ཏང་གི་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ས་མཐོར་གཞི་ཚུགས་པ་དང་སྐད་གྲཌ་མེད་པར་ལེགས་སྐྱེས་ཕུལ་བས། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ལ་ཚད་ལོན་གྱི་འཛུཌ་སྐྲུན་པ་དང་། བློས་འགེལ་ཆོག་པའི་ཤུལ་འཛིན་པ་མང་པོ་གསོ་སྐྱོང་བྱས་ཏེ་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    སྲིད་ཇུས་ཀྱིས་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་སྔར་བས་ཡག་པའི་སློབ་གསོ་མྱོང་དགོས་ན། དང་ཐོག་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེན་ཞིག་དགོས་ཤིང་། དགེ་རྒན་གྱི་དཔུང་ཁག་སྟོབས་ཆེན་ཞིག་བྱུང་ན། གཞི་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྔར་བས་ཕུན་སུམ་ཚོགས་ཤིང་། སྤུས་ཀ་ལེཌ་ལ། རིམ་པ་དང་ཆུ་ཚད་མཐོ་བའི་སློབ་གསོའི་དགོས་མཁོ་སྐོང་ཐུབ།

    གྲངས་གཞི་ལས་མངོན་པ་ལྟར་ན། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ལས་ཐོག་ཏུ་དགེ་རྒན་ལས་བཟོ་52391ཡོད་པའི་ཁྲོད། སློབ་ཞུགས་གོང་གི་དགེ་རྒན་ལས་བཟོ་6859དང་། སློབ་ཆུང་གི་དགེ་རྒན་ལས་བཟོ་22342 དམའ་རིམ་སློབ་འབྲིང་གི་དགེ་རྒན་ལས་བཟོ་11275 མཐོ་རིམ་སློབ་འབྲིང་གི་དགེ་རྒན་ལས་བཟོ་5991 དམིགས་བསལ་སློབ་གསོར་དགེ་རྒན་ལས་བཟོ་267 འབྲིང་རིམ་ལས་རིགས་སློབ་གྲྭར་དགེ་རྒན་ལས་བཟོ་1869 མཐོ་རིམ་སློབ་གསོར་དགེ་རྒན་ལས་བཟོ་3788བཅས་ཡོད་པ་རེད།

    ཆེད་ལས་དགེ་རྒན་49240ཡོད་པའི་ཁྲོད་སློབ་ཞུཌ་གོང་གི་དགེ་རྒན་5653དང་། སློབ་ཆུང་གི་དགེ་རྒན་22446 དམའ་རིམ་སློབ་འབྲིང་གི་དགེ་རྒན་10772 མཐོ་རིམ་སློབ་འབྲིང་གི་དགེ་རྒན་5740 དམིཌ་བསལ་སློབ་གསོའི་དགེ་རྒན་246 འབྲིང་རིམ་ལས་རིགས་སློབ་གྲྭར་དགེ་རྒན་1754 མཐོ་སློབ་ལ་དགེ་རྒན་2629བཅས་ཡོད་པ་རེད།

    གྲངས་གཞི་རེ་རེའི་རྒྱབ་རོལ་ཏུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབད་འཐབ་ལྷོད་མེད་བྱས་ཡོད།

    ཞན་གསབ་ལེཌ་སྤེལ་གྱིས་གཙོ་གནད་ལས་འགན་མངོན་གསལ་དོད་པ།

    2015ལོར། རང་ལྗོངས་ཀྱིས་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ཐོག་གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་ལེན་བསྟར་ནས་དགེ་རྒན་གྱི་ཀུན་སྤྱོད་ལེགས་པ་དང་། གྲངས་ཚད་གསབ་པ། སྤུས་ཚད་མཐོར་གཏོང་། དོ་དམ་ལ་སྣང་ཆེན། ཐོབ་ཐང་འགན་ལེན་བཅས་ཀྱི“འདུ་འགོད་ཆེན་པོ་ལྔ”ལག་ལེན་བསྟར་ཏེ་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་གི“ཞན་ཆ”གང་མྱུར་གསབ་ནས“གཞི་རིམ་དུ་སྐྱོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། སློབ་ཚན་ཡག་པོ་འཁྲིད་ཐུབ་པ”བཅས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་འཛུཌ་སྐུན་བྱས་ནས་གྲོང་གསེབ་དགེ་རྒན་གྱི་གྲངས་ཚད་དང་། སྤུས་ཚད། གྲུབ་ཆ། ཁྱབ་ཚུལ། ཐོབ་ཐང་འགན་ལེན་སོགས་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་ཡོད། གྲོང་གསེབ་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ལམ་ལུགས་དང་། གྲོང་གསེབ་དང་ས་བབ་མཐོ་བའི་དགེ་རྒན་གྱི་གོ་མིང་ལ་ཕྱོགས་པའི་སྲིད་ཇུས་བཟོས་ཏེ། གྲོང་གསེབ་དགེ་རྒན་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་པས་ཟླ་རེར་མི་རེར་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་1000ཙམ་ཟིན་པ་དང་། ཁུལ་དབྱེ་ནས་ཧེ་བག་ཡོད་པའི་ཐོབ་ཐང་སྤྲད་པས་གྲོང་གསེབ་ཀྱི་དགེ་རྒན་ཁྲི་1.7ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    གསོ་སྐྱོང་གི་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ནས་ས་བབ་མཐོ་ཞིང་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་དགེ་རྒན་གནས་གཏན་འཁེལ་གྱི་གསོ་སྦྱོང་འཆར་གཞི་དང་། གྲོང་གསེབ་དགེ་རྒན་གནས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི། སློབ་ཞུགས་གོང་གི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་ཁ་གཏད་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་འཆར་གཞི་སོགས་བརྒྱུད། དགེ་འོས་སློབ་མ་24500གསོ་སྐྱོང་བྱས་ཡོད། 

    ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    དགེ་རྒན་ལ་ཁ་གསབ་སྤྲོད་པའི་ཐབས་ལམ་སྔར་བས་རྒྱ་སྐྱེད་བཏང་ནས་བྱ་ཐབས་སྣ་ཚོགས་བརྒྱུད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་དགེ་རྒན་18700ཁ་གསབ་བྱས་ཡོད།

    དགེ་རྒན་ནི་སློབ་མའི་ཀུན་སྤྱོད་ཀྱི་མིག་དཔེ་ཡིན་ཞེས་པ་ནི་དགེ་རྒན་གྱི་ལས་རིགས་དེའི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ཤིག་རེད།

    དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ལོ་2018ལོར། རང་སྐྱོང་ལྗོངས་ཀྱིས《དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བཞི་ལྡན་དགེ་རྒན་བཟང་པོ”དང“སྣེ་འཁྲིད་པ་བཞིའི”བླང་བྱ་གཞིར་བཟུང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས། སློབ་གྲྭ་བཅས་ཚང་མར་ལག་བསྟར་བྱེད་ཐབས་ཞིབ་ཕྲ་བཏོན་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ནས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དྲ་མིག་ཅན་གྱི་དོ་དམ་མ་ལག་བཙུགས་ཡོད།

    མི་ཚེའི་ཕུགས་བསམ་ཆེད་དུ་འབད་འཐབ་བྱེད་པའི་དུས་ལ་བབ། འབད་འབུངས་ཆེར་སྐྱེད་ལམ་ནས་ལེའུ་གསར་རྩོམ་ལ་གཅིག་ཏུ་གཞོལ། སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ལག་བསྟར་བྱས་པ་བརྒྱུད། རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་སྟོབས་ཆེན་བར་རིམ་བཞིན་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་ནས་དུས་རབས་གསར་པར་གསོན་ཤུགས་གསར་པ་མངོན་ཡོད། རྒྱ་ཆེའི་དགེ་རྒན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པས”དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་དེ་བས་བརྟན་དུ་ཕྱིན་པ་དང་། མི་བཟང་གསོ་སྐྱོང་གི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་ནས་བོད་ཀྱི་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་ཆེད་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།