[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2019ལོའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་92.87%ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-15

    གསར་འགོད་པར་ཉེ་ཆར་འཚོགས་པའི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2019ལོའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2020ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་དམ་འཇོག་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་ལས་ཞུགས་ཐུབ་ཚད་92.87%ཟིན་ཡོད་པ་རེད།

    འདི་ལོའི་ཟླ་9ཚེས་1ཉིན་བར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ2019ལོའི་སློབ་ཐོན་སློབ་མ་1684ཡོད་པ་དང་། དེའི་ཁྲོད་ནས་སློབ་མ་1564ལས་ཞུགས་ཐུབ་ནས་ཐོག་མའི་ལས་ཞུགས་ཐུབ་ཚད་92.87%ཟིན་ཏེ། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ལོ་མཇུག་ཏུ་ལས་ཞུགས་ཐུབ་ཚད་90%ཡི་དམིགས་ཚད་ལོ་ཕྱེད་སྔ་སྣུར་དུ་ལེགས་གྲུབ་བྱུང་ནས། ལོ་2བསྟུད་མར་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་ཁག་གི་ཨང་དང་པོར་སླེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།