[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་གྱིས།

    2019ལོའི་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ཕྱོཌ་སྡོམ་གཟེངས་བསྟོད་དང་2020ལོའི་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ལས་དོན་གྱི་འགོ་ཚུཌ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-25

     ཉིན་ཤས་གོང་། བོད་ལྗོངས་སློབ་ཆེན་གྱིས་2019ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཕྱོགས་སྡོམ་གཟེངས་བསྟོད་དང་2020ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་འགོ་ཚུགས་ཚོགས་འདུ་འཚོགས་ནས། བོད་ལྗོངས་སློབ་ཆེན་གྱི་2019ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཕྱོཌ་བསྡོམས་དང་། 2018ལོའི་ལོ་འཁོར་གྱི་ལས་ཞུགས་ལས་གཏོད་ལས་དོན་ལ་དཔྱད་ཞིབ་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་དང་། ལས་ཞུཌ་ལས་གཏོད་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན། 2019ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་ཀྱི་སྔོན་ཐོན་མཉམ་སྡེབ་བཅས་ལ་གཟེངས་བསྟོད་བྱས་པ་དང་སྦྲགས། “རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་སྡོམ་རྩིས་ལས་དོན་ཀྱི་དྲ་རྒྱའི་བརྙན་ལམ་ཚོཌ་འདུ”དང“2020ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་དྲ་རྒྱའི་བརྙན་ལམ་ཚོགས་འདུའི”འབྲེལ་ཡོད་ནང་དོན་དང་དགོངས་དོན་བརྒྱུད་བསྒྲགས་བྱས་ཁར། 2020ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་ཚོགས་འདུར་ཕེབས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།