[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • འབད་འབུངས་ཡར་བརྩོན་བྱས་ནས་སློབ་གསོའི་ལེའུ་གསར་པ་བརྩམས།

    —— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་གི་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-20

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་བརྟེན། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོ་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེན་བར་ལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ། ཟིལ་རླབས་དགུང་འཕྱུར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལེའུ་བརྩམས་ཡོད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བའི”དམིགས་ཚད་ལ་དམ་པོར་དམིགས་ཏེ། མང་ཚོགས་ཚོས་སྤུས་ལེགས་དང་། དོ་སྙོམས། གཞུང་དྲང་བཅས་ཀྱི་སློབ་གསོར་བཅངས་པའི་རེ་སྒུག་དང་བསྟུན་ནས། འོས་འགན་སློབ་གསོ་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ་དེ། སློབ་གསོའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། “སློབ་གསོ་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སློབ་གསོ་མགྱོགས་མྱུར་དང་། སྤུས་ལེགས། དོ་སྙོམས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད”ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ་རེད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ཆར་རྗེས་ཀྱི་མྱུ་གུ་འབུས་པ་བཞིན་འཕེལ་རྒྱས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་ཡོད། 1960ལོར་བུ་བཅོལ་ཁང་དང་པོ་སྟེ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་བུ་གསོ་ཁང་བཙུགས་པ་ནས་ད་བར་ལྷོ་ཁ་གྲོང་ཁྱེར་དུ་རིཌ་ཁག་གི་སློབ་གྲྭ་424ཡོད་པར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་57195ཟིན་ཡོད། སློབ་གྲྭའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་རིམ་པ་ཁག་གི་སློབ་གསོ་ཕན་ཚུན་འབྲེལ་མཐུད་ཐུབ་ནས། མི་རིགས་ཁག་གི་མང་ཚོགས་ཚོས་སློབ་གསོ་དང་ལེན་བྱེད་པའི་ལམ་བུ་ཡངས་སུ་ཕྱིན་ཡོད་པ་རེད། 2011ལོར“གཞི་རྩའི་ཆ་གཉིས”ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། 2017ལོར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་དམིགས་ཚད་སྔོན་ལ་མངོན་འགྱུར་ཐུབ་པ་རེད།

    སློབ་གསོ་དམངས་ཕན་ནི། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་བཀྲག་མདངས་འཚེར་སའི་མིང་བྱང་ཞིག་ཡིན་པ་དང་། ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་སློབ་མ་རྣམས་སློབ་ཞུགས་གོང་གི་སློབ་གསོ་ནས་སློབ་ཆེན་བར་གཞི་རྩའི་ཆ་ནས་རིན་མེད་སློབ་གསོ་ལག་ལེན་བསྟར་ཏེ། ཕྲུ་གུ་གཅིག་ཀྱང་འཚོ་བ་དབུལ་བའི་རྐྱེན་གྱིས་སློབ་མཚམས་མི་ཆད་པའི་དམ་བཅའ་དོན་ཐོག་ཏུ་འཁྱོལ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོ་ནས་2018ལོའི་བར། ཁྱོན་མ་དངུལ་སྒོར་ཁྲི་19252.65དོན་འཁྱོལ་བྱས་ཏེ། སློབ་ཆེན་སློབ་མ་མི་ཐེངས་25573ལ་རོགས་རམ་བྱས་པ་རེད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་པ་དང་། རྐང་འཛིན་པ་གསོ་སྐྱོང་བྱེད་རྒྱུ་གཙོ་གནད་དུ་འཛིན་པ། ཤེས་བྱའི་གྲུབ་ཆ་ལེགས་སུ་གཏོང་བ་དང་སློབ་གསོ་ཞིབ་འཇུག་དང་སློབ་ཁྲིད་འཇོན་ཐང་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ། དགེ་རྒན་གྱིས་བྱང་ཚད་སློབ་གསོ་ལག་ལེན་བསྟར་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཤུགས་རྒྱག་སར་བྱེད་པ། གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གང་ཐུབ་གཏོང་བ་བཅས་བྱས་པས་དགེ་རྒན་དཔུང་ཁག་གི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། རྐང་འཛིན་དགེ་རྒན་དང་རིག་ཚན་སྣེ་ཁྲིད་པ་མང་པོ་གསོ་སྐྱོང་ཐུབ་པ། གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ། སློབ་ཁྲིད་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་གིས་ལྷོ་ཁ་གྲོང་ཁྱེར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ནས་དེ་བས་ཟིལ་རླབས་དགུང་འཕྱུར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།