[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཆུང་དུས་ནས་སོ་ལ་བདག་གཅེས་ཀྱི་གོམས་གཤིས་འཇགས་པར་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-20

    འདི་ནི་སློབ་མ་ཚོས་འཚང་ཁ་ཤིག་ཤིག་ངང་དྲི་བར་ལན་འདེབས་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པར་བསྐྱོད་ནས་སོ་ལ་བདག་གཅེས་ཡག་པོ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། སློབ་ཕྲུག་ཚོས་ལེ་ཚན་འཁྲབ་སྟོན་དང་། སྨན་པས་དྲི་བ་འདོན་པ། སློབ་མས་དྲི་བར་ལན་འདེབས་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་སློབ་མ་ཚོས་ཆུང་དུས་ནས་སོ་ལ་བདག་གཅེས་ཡག་པོ་དང་ཁ་སྦུག་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་ཐབས་བྱས་པ་དང་། སོ་ནད་སྔོན་འགོག་དང་སོ་ལ་བདག་གཅེས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།