[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-26

     ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོའི་ཚོགས་ཆེན་འཚོགས་ནས། གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་སྔོན་ཐོན་རྫོང་3དང་། སློབ་གསོའི་ལས་དོན་གྱི་ཡར་ཐོན་རྫོང་3 སློབ་གསོའི་ལས་དོན་གྱི་སྔོན་ཐོན་ཚན་པ་5 སློབ་གསོའི་ལས་དོན་གྱི་སྔོན་ཐོན་སློབ་གྲྭ་25 སྔོན་ཐོན་སློབ་གསོའི་ལས་དོན་པ་100བཅས་ལ་གཟེངས་བསྟོད་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འགན་ཁུར་བས། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། སློབ་གསོའི་ལས་དོན་གྱི་གནད་དོན་ཨང་དང་པོ་དང་། སློབ་གསོའི་བྱ་གཞག་གི་འཐབ་ཇུས་གནས་བབ། སློབ་གསོ་འཕེལ་རྒྱས་ཀྱི་མི་དམངས་ཀྱི་ལངས་ཕྱོགས་དང་སློབ་གསོ་དར་རྒྱས་ཀྱི་འགག་རྩའི་བྱ་ཐབས་བཅས་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ། བསམ་བློ་དང་བྱ་སྤྱོད་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ། རང་རྟོགས་ངང་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཆབ་མདོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།