[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • ཀྲུང་གོ་ལུས་རྩལ་རྒྱན་ཤོག·ལྕགས་རི་རིང་པོ་གསར་པའི་སློབ་སྐྱོར་ཐེབས་རྩས་བོད་ཀྱི་སློབ་མ་དབུལ་པོ་50ལ་ཞལ་འདེབས་སྒོར་ཁྲི་20བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-20

    ཚེས་17ཉིན“ཀྲུང་གོ་ལུས་རྩལ་རྒྱན་ཤོག·ལྕགས་རི་རིང་པོ་གསར་པའི་སློབ་སྐྱོར་ཐེབས་རྩའི”ཞལ་འདེབས་མཛད་སྒོ་བོད་ལྗོངས་སློབ་ཆེན་དུ་འཚོགས་ཤིང་། སྤྱོད་ཡོན་གཉིས་ལྡན་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་གསར་པ་50ལ་ཁྱོན་སྒོར་ཁྲི་20ཡི་རོགས་སྐྱོར་ཐོབ་པ་རེད།

    “ཀྲུང་གོ་ལུས་རྩལ་རྒྱན་ཤོག·ལྕགས་རི་རིང་པོ་གསར་པའི་སློབ་སྐྱོར་ཐེབས་རྩ”ཞེས་པའི་སློབ་སྐྱོར་བྱེད་སྒོ་ནི་རྒྱལ་ཁབ་ལུས་རྩལ་རྒྱན་ཤོག་ལྟེ་གནས་ཀྱིས་2005ལོར་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་དང་མཉམ་ལས་བྱས་ཏེ་བཙུགས་པའི་དབུལ་སྐྱོར་སློབ་སྐྱོར་གྱི་སྤྱི་ཕན་རྣམ་གྲངས་ཤིག་རེད། རྣམ་གྲངས་ལག་བསྟར་བྱས་ནས་ལོ་བཅུ་ལྷག་ཙམ་སོང་རིང་། རྒྱལ་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་ཕུལ་བྱུང་སློབ་ཆེན་སློབ་མ་ཁྱོན་1600ལྷག་ཙམ་ལ་ཐེབས་རྩའི་རོགས་སྐྱོར་ཐོབ་པ་དང་། དེ་ཐོག་ནས་ལུས་རྩལ་རྒྱན་ཤོག་གི“དམངས་འཚོར་དོ་ཁུར་གྱིས་སེམས་པ་སློབ་གསོར་གཏད”པའི་འགན་འཁྲིའི་རྒྱན་ཤོག་གི་ངོ་བོ་མཚོན་པར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སློབ་སྐྱོར་བྱེད་སྒོ་དེར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱིས་སྒོར་ཁྲི་8བཏང་བ་དང་རང་ལྗོངས་ཀྱི་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱིས་སྒོར་ཁྲི་12བཏང་ཡོད། རོགས་སྐྱོར་ཐོབ་པའི་སློབ་མ་གསར་པ་50ཡི་གྲས་སུ་བོད་ལྗོངས་སློབ་ཆེན་གྱི་སློབ་མ་གསར་པ་40དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་གསར་པ་10ཚུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།