[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • བདེ་འཇགས་སློབ་གསོ་སློབ་གྲྭའི་དོ་རར་སྤེལ།

    ——“བདེ་ཐང་ཀྲུང་གོའི་བྱ་སྤྱོད། ལུགས་མཐུན་ངང་བཟའ་བཅའ་སྤྱོད་པའི”བདེ་ཐང་འཆད་ཁྲིད་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་སྤེལ་བའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-17

    འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་སློབ་མའི་ཁྲོད་དུ་བཟའ་བཅའ་ཡག་སྒྲུག་རྒྱག་པ་དང་། དང་ཁ་ཉམས་པ། གདམ་ག་བྱེད་པ་བཅས་བྱེད་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས་སློབ་མ་མང་པོ་ཞིག་ལ་རྔན་པ་ཙག་ཙིག་ཟ་བ་ལས་ཟས་གཙོ་བོར་དགའ་པོ་མི་བྱེད་པའི་གོམས་གཤིས་འཇགས་ཡོད། དེས་ན་སློབ་མའི་ཁྲོད་འཚོ་བཅུད་མི་འདང་མཁན་ཉིན་རེ་བཞིན་མང་དུ་འགྲོ་བའི་ཁར་སློབ་སྦྱོང་གི་ལས་འགན་ལྕི་བ་དང་བསམ་པའི་གནོན་ཤུགས་ཆེ་བས་སློབ་མའི་གཟུགས་པོ་ཐང་པོ་མེད་པའམ་ཡང་ན་དེ་ཙམ་ཐང་པོ་མེད་པའི་གནས་ཚུལ་ཐོན་གྱི་ཡོད། ཉེ་ཆར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པ་དང་དེ་བཞིན་2017ལོའི་ཟླ་8ཚེས་19ཉིན་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི“དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་མེད་ཚེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་མི་ཐུབ”ཅེས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཕྱིར། བོད་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་མི་འབོར་དང་ལེགས་བཙའ་ལེགས་གསོའི་དྲིལ་བསྒྲགས་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་གི་རིགས་གཅིག་མཁན་ཅན་ཆེད་མངགས་གདན་དྲངས་ནས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་2017ལོའི“བདེ་ཐང་ཀྲུང་གོའི་བྱ་སྤྱོད། ལུགས་མཐུན་ངང་བཟའ་བཅའ་སྤྱོད་པ”བརྗོད་དོན་གཙོ་བོར་བྱེད་པའི་བདེ་ཐང་གི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    རིགས་གཅིག་མཁས་ཅན་གྱིས“ལུགས་མཐུན་ངང་བཟའ་བཅའ་ཡག་པོ་སྤྱད་ནས་བདེ་ཐང་ལ་སྣང་ཆེན་བྱེད་པའི་གོམས་གཤིས་འཇགས་པར་བྱེད་དགོས”སོགས་ཀྱི་ཐད་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ་རྟོགས་དཀའ་བའི་བདེ་ཐང་གི་ཤེས་བྱ་དག་དོན་ཟབ་ཅིང་གོ་སླ་བ་དང་གོ་བདེ་ཅིང་ཤེས་སླ་བའི་རྣམ་པར་བརྟེན་ནས་འཆད་ཁྲིད་ལ་ཞུགས་མཁན་སློབ་མ་དང་ཁྱིམ་བདག་ལ་ཁྲིད་དེ་ཚང་མར་ལུགས་མཐུན་གྱི་བཟའ་བཅའ་དང་། འོས་འཚམ་གྱི་སྦྱོང་བརྡར། ཅུང་ལེགས་པའི་ངལ་གསོ་རྒྱག་སྟངས་བཅས་ནི་སློབ་མའི་ལུས་སེམས་བདེ་ཐང་གི་རྒྱུ་རྐྱེན་གལ་ཆེན་གསུམ་ཡིན་ལུགས་གསལ་པོར་བརྗོད་པ་དང་འབྲེལ་ཁྱིམ་བདག་གིས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བ་ཇི་ལྟར་བྱེད་པའི་ཐད་མཛུབ་ཁྲིད་བྱས་ཡོད་པ་རེད། 

    གཞན་ཡང་ཁྱིམ་བདག་ཚོས་ཕྲུ་གུར་འཚོ་བའི་བཟའ་བཏུང་གི་གོམས་གཤིས་ཡག་པོ་ཧུར་ཐག་འཇགས་པར་བྱས་ཏེ་བཟའ་བཅའ་ཡག་པོ་སྤྱད་ནས་བཟའ་བཏུང་སྣ་མང་ཅན་དང་། ཕྱོགས་ཡོངས་ལ་དོ་སྙོམས་ཀྱི་འཚོ་བཅུད་མཁོ་འདོན། ཤ་ཚལ་དང་སྔོ་ཚལ་མཉམ་བསྲེས། གཟུགས་གཞི་འཚར་ལོངས་ཀྱི་དགོས་མཁོ་འགན་ལེན། སློབ་མར་ལུགས་མཐུན་གྱི་བཟའ་བཏུང་མཁོ་འདོན། འཚོ་བའི་བཟའ་བཏུང་གི་གོམས་གཤིས་ཡག་པོ་འཇགས་རྒྱུར་ཁྲིད་སྟོན། རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རོགས་སྐྱོར་བྱེད་དགོས་པའི་མཛུབ་ཁྲིད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།