[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཚན་གསབ་ཁྲིད་བྱེད་སྐབས་ཕྲུ་གུའི་ལོ་ལ་གཞིཌ་ནས་འཛིན་གྲྭ་བདམས་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​དབྱངས་ཅན།    |    སྤེལ་དུས།   2018-03-14

    གུང་གསེང་འཆར་རིམ་བཞིན་སློབ་གྲྭ་འབྲིང་ཆུང་གི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཆར་རྗེས་མྱུ་གུ་རྒྱས་པ་ཇི་བཞིན་ཐོན་ནས་མངགས་བཅོལ་འཛིན་གྲྭ་དང་། རིག་གནས་གསབ་ཁྲིད་འཛིན་གྲྭ དགའ་སྣང་འཛིན་གྲྭ་བཅས་ཀྱི་བརྡ་ཆ་གང་སར་ཁྱབ་ནས་ཡོད། འོ་ན་གང་འདྲ་བྱས་ཏེ་རང་ཉིད་ཀྱི་ཕྲུ་གུར་འཚམ་པའི་འཛིན་གྲྭ་འདེམས་དགོས་པ་དེ་ཁྱིམ་བདག་གིས་དོ་ཁུར་བྱེད་པའི་བྱ་བར་གྱུར་ཡོད།

    སྨྱུག་འཛིན་པས་བརྟག་དཔྱད་བཅར་འདྲི་བྱས་པ་བརྒྱུད་གསོ་སྦྱོང་འཛིན་གྲྭ་ཚང་མ་ཚད་ལྡན་ཡིན་པའི་ངེས་པ་མེད་པ་ཤེས་བྱུང་། འབྲེལ་ཡོད་སྡེ་ཚན་གྱིས་ལོ་ལྟར་གུང་གསེང་རིང་གི་སྒེར་བཙུགས་གསོ་སྦྱོང་སློབ་གྲྭར་ཞིབ་བཤེར་བྱེད་ཀྱི་ཡོད་མོད། འོན་ཀྱང་སློབ་གྲྭ་ལ་ལས་ལག་ཁྱེར་མེད་པར་གསོ་སྦྱོང་འཛིན་གྲྭ་གཉེར་བའི་གནས་ཚུལ་ད་དུང་གནས་ཡོད་པ་དང་། ཡང་གསོ་སྦྱོང་སློབ་གྲྭ་ལ་ལས་གཏན་འབེབས་གཞིར་བཟུང་སློབ་གཉེར་མི་བྱེད་ལ་མེ་ཟོན་གྱི་སྒྲིག་ཆས་ཀྱང་ཆ་ཚང་པོ་མེད། གལ་ཏེ་གསོ་སྦྱོང་འཛིན་གྲྭ་དེ་རིགས་ལ་ཐོ་བཀོད་ན་ཕྲུ་གུའི་སློབ་སྦྱོང་གི་སྦྱངས་འབྲས་ལ་ཤུགས་སྣོན་ཐེབས་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་བདེ་འཇགས་ལའང་ཉེན་ཁ་འཕྲད་རྒྱུ་ལོས་རེད། དེར་བརྟེན་ཁྱིམ་བདག་ཚོས་གསབ་ཁྲིད་སློབ་གྲྭ་འདེམས་སྐབས་དང་ཐོག་སློབ་གྲྭར་འོས་ཐོབ་ལག་ཁྱེར་ཡོད་མེད་དང་གསབ་ཁྲིད་སློབ་ཚན་གྱི་སློབ་ཡོན་དེ་སློབ་གསོ་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་མིན་དང་དེ་བཞིན་སློབ་མའི་གྲངས་འབོར་ཚད་ལས་བརྒལ་མིན་སོགས་ལ་བལྟས་ནས་རང་ཉིད་ཀྱི་ཕྲུ་གུ་ཚད་ལྡན་གྱི་གསབ་ཁྲིད་སྒྲིག་གཞིའི་ནང་སློབ་སྦྱོང་བྱེད་ཐུབ་པ་བྱེད་དགོས།

    གསབ་ཁྲིད་ཀྱི་བྱེད་ཐབས་དང་གསབ་ཁྲིད་སྒྲིག་གཞི་གདམ་ག་ཡག་པོ་བྱ་རྒྱུ་དེ་གལ་འགངས་ཆེ་བ་ཞིག་རེད། “ལྷ་སའི་དགེ་རྒན་བཟང་པོ”ཞེས་པའི་སྲོལ་གཏོད་པ་བཀྲ་ཚེས་ཁྱིམ་བདག་གིས་ཕྲུ་གུར་ཚད་ལས་བརྒལ་བའི་སློབ་གསོ་དང་ལེན་བྱེད་དུ་བཅུག་རྒྱུ་མེད། བུ་བཅོལ་ཁང་དུ་བསྐྱོད་པའི་དུས་མཚམས་སུ་ཕྲུ་གུར་ཤེས་བྱ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་དེ་པར་རིས་མཉམ་བཀོད་ཀྱི་གཱ་དང་། སྦྱོང་དེབ་མིན་ལ་དེ་བས་“མཐོ་རིམ”བུ་བཅོལ་ཁང་མིན། ཕ་མ་ཚོས་ཉིན་ལྟར་ཕྲུ་གུར་ངོ་མཚར་ཆེ་བའི་སྒྲུང་གཏམ་ཀློག་སྟེ་ཕྲུ་གུ་ཚོས་སྒྲུང་གཏམ་ཉན་པའི་བསམ་ཚོད་ཀྱི་འཇོན་ཐང་གསོ་སྦྱོང་བྱ་རྒྱུ་ནི་ཕན་པ་ཆེ་ཤོས་ཀྱི་སློབ་གསོའི་བྱེད་ཐབས་ཤིག་རེད། ཕྲུ་གུ་སློབ་ཆུང་དུ་བསྐྱོད་རྗེས། ཁྱིམ་བདག་གིས་ཕྲུ་གུར་ལྟ་ཀློག་གི་གོམས་གཤིས་དང་། སློབ་ཚན་ནན་ཏན་ངང་ཉན་པའི་གོམས་གཤིས། སློབ་སྦྱོང་གི་གོམས་གཤིས་བཟང་པོ་བཅས་འཇགས་པ་བྱས་ནས་ཕྲུ་གུར་ཚེ་གང་ཕན་པ་ཐོབ་པ་བྱེད་དགོས་ཞེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།