[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སྐད་ཡིག་སློབ་ཁྲིད།
  • ཐོན་མི་མཆོག་གིས་ཤད་གང་བྱུང་དུ་སྤྱོད་རྒྱུ་མེད་པའི་སྐོར་ཁྱེད་ཀྱིས་ཐོས་ཨེ་བྱུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-04

    ཤད་ཅེས་པ་ནི་འབྲུ་དང་ཚིག་དོན་ཕན་ཚུན་མི་འཁྲུག་པར་སྟོན་བྱེད་ཀྱི་བརྡ་རྟགས་ཤིག་ཡིན། ཤད་ནི་ཚིག་དང་དོན་ཕན་ཚུན་མི་འཁྲུག་བའི་ཕྱིར་བཀོལ་སྲོལ་ཡོད།

    འདི་ལ་ཕུར་ཤད། སྦྲུལ་ཤད། རིན་ཆེན་སྤུངས་ཤད། དྲག་ཤད་སོགས་ཡོད།

    ཕུར་ཤད་ལ་བརྡ་རྟགས་སུ【།】འདི་དང་། སྦྲུལ་ཤད་ལ་བརྡ་རྟགས་སུ【༈】 རིན་ཆེན་སྤུངས་ཤད་ལ་བརྡ་རྟགས་སུ【༑】ད་དུང་གཏེར་ཡིག་འགར་དྲག་ཤད་དམ་བརྡ་རྟགས་སུ【༔】འདི་འདྲ་བཀོལ་བའི་སྲོལ་ཡང་འདུག

    ཚིག་བར་གྱི་གཅོད་མཚམས་མི་འཁྲུག་པ་གསལ་ཕྱིར་བརྡ་རྟགས་སུ་རྩ་བའི་ཆ་ནས་ཕུར་ཤད་སྦྱར་བ་མང་།  དེར་ཚིགས་བཅད་དང་ཚིག་ལྷུག་གང་གི་སྐབས་ཡིན་མིན་ལ་བསྟུན་ནས་ཆིག་ཤད【།】དང་། ཉིད་ཤད【།།】 ཡང་ན། བཞི་ཤད【།། །།】སོགས་འཚམ་པར་སྦྱར་དགོས་ཏེ།

    ལེའུའི་བར་མཚམས་དང་གལ་གནད་ཆེ་བའི་རིགས་དག་མཚོན་བྱེད་དུ་སྦྲུལ་ཤད【༈】འབྲི་བའི་ལག་ལེན་ཡོད་པ།

    ཡིག་འཕྲེང་གི་ཐིག་མགོར་འབྲུ་རྡོག་གཅིག་གིས་རྫོགས་པའི་སྐབས་སུ་རིན་ཆེན་སྤུངས་ཤད【༑】འབྲི་སྲོལ་ཡོད། དེ་ནི་གཙོ་ཆེར་ཡིག་འབྲུ་གང་དེ་ཉིད་ཚུགས་ཐུབ་ཆེད་དུ་སྦྱར་བའང་ཤེས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།