[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ལག་རྩལ་གསོ་སྦྱོང་།
  • ཕྱུགས་ཟོག་ལ་འགོ་ནད་བྱུང་ན་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-29

    ཕྱུགས་ཟོག་ལ་འགོ་ནད་བྱུང་བ་ཤེས་མ་ཐག་ཏུ། འགོ་ནད་དེ་རིགས་ཕྱུགས་ཟོག་གཞན་པར་མི་འགོ་བར་བྱེད་ཆེད། མྱུར་དུ་འགོ་ནད་བྱུང་སའི་གནས་དེར་བྱེད་ཐབས་སྣ་ཚོགས་སྤྱད་ནས་ནད་ཡམས་དེ་རིགས་རྩ་མེད་དུ་གཏོང་དགོས།

    ཕྱུགས་རིགས་སྨན་པས་ཕྱུགས་ཟོག་ལ་འགོ་ནད་བྱུང་བའི་རྒྱུ་མཚན་དེ་དུས་ཐོག་ཏུ་ཡར་ཞུ་བྱེད་པ་དང་སྦྲགས་འགོ་ནད་ཕོག་མེད་པའི་ཕྱུགས་ཟོག་རྣམས་མྱུར་དུ་ལོགས་སུ་བཀར་རེ་འགོ་ནད་འབྱུར་བར་སྔོན་འགོག་བྱེད་དགོས། ཕྱུགས་རིགས་ནད་པ་དང་ཁྱུ་གཅིག་ཏུ་འཚོ་མྱོང་བའི་ཕྱུགས་ཟོག་གཞན་རྣམས་གནས་སྐབས་བལྟས་པ་ཙམ་གྱིས་ནད་རྟགས་ཅི་ཡང་མེད་ནའང་། ནད་འགོས་ཡོད་མེད་ལ་གསལ་པོ་ཞིག་བརྟག་དཔྱད་བྱ་ཆེད། ཉིན་ཉི་ཤུ་ལྷག་ཙམ་ལོགས་སུ་བཀར་ནས་འཚོ་དགོས་ཤིང་། ནད་འགོས་མེད་པ་ཁོ་ཐག་ཆོད་རྗེས། ད་གཟོད་ཕྱུགས་བདེ་ཐང་ཅན་དང་མཉམ་བསྲེས་བྱས་ཆོག གལ་ཏེ་ཕྱུགས་ལ་ནད་རྟགས་ཡོད་ན་ཕྱུགས་ནད་པ་དེ་དག་དང་མཉམ་དུ་སྨན་བཅོས་བྱེད་དགོས་ཤིང་། ལོགས་སུ་བཀར་བའི་ཕྱུགས་ནད་པ་དག་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། ཕྱུགས་ནད་པ་ལོགས་སུ་བཀར་སར་མི་ཕྱུགས་གཉིས་ཀ་འགྲོ་མི་ཐུབ་པ་བྱེད་དགོས་པ་དང་ལས་ཀ་བྱེད་མཁན་མི་ཡང་ཕྱུགས་ནད་ལོགས་སུ་བཀར་སར་ཕར་འགྲོ་ཚུར་འོང་བྱེད་སྐབས་དུག་སེལ་བྱེད་པའི་ལམ་ལུགས་ལ་ཚང་མས་བརྩི་སྲུང་ནན་པོ་ཞུ་དགོས། དེ་མིན་ལོགས་སུ་བཀར་བའི་ཕྱུགས་ནད་དེ་དག་ལ་བཀོལ་བའི་ཡོ་བྱད་དང་། དེ་དག་ལ་བྱིན་པའི་གཟན་ཆས། ཕྱུགས་ནད་པའི་བཤང་ལྕི་སོགས་པར་དུག་སེལ་གཙང་ཐག་ཆོད་ཅིག་མ་བྱས་གོང་དུ་ཕྱི་རོལ་དུ་དབོར་མི་རུང་། སྨན་བཅོས་བྱེད་རིན་མེད་པའི་ཕྱུགས་ནད་ལ་ཕྱུགས་རིགས་སྨན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་གང་ལེགས་བྱེད་དགོས། ཕྱུགས་ནད་པའི་བེམ་པོ་དག་མེར་གཙང་མ་སྲེག་པ་དང་ཡང་ན་ས་འོག་ཏུ་གཏིང་རིང་སྦས་དགོས་པ་ལས་གང་འདོད་ལྟར་དབྱུགས་མི་ཆོག ཕྱུགས་ནད་པ་དང་ནད་འགོས་ཡོད་མེད་ལ་དོགས་པ་ཟ་བའི་ཕྱུགས་ཟོག་རྣམས་ལ་མྱུར་དུ་སྔོན་འགོག་ཁབ་རྒྱག་པ་དང་ཡང་ན་སྨན་བསྟེར་ནས་སྔོན་འགོག་གི་སྨན་བཅོས་བྱེད་དགོས། ཁ་ཚ་དང་ལག་འབྲུམ་སོགས་ཀྱི་གློ་བུར་ཅན་གྱི་འགོ་ནད་དེ་རིགས་བྱུང་མ་ཐག་ཏུ་འབྲེལ་ཡོད་ཚན་པ་ལ་ཡར་ཞུ་བྱས་ནས་འགོ་ནད་བྱུང་སར་དབྱེ་མཚམས་བཀར་ནས་བཀག་སྡོམ་ནན་པོ་བྱེད་དགོས་པ་མ་ཟད། སྲིད་གཞུང་འབྲེལ་ཡོད་ལ་བརྟེན་ནས་སྨན་བཅོས་བྱེད་གང་ཐུབ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།