[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>འཚོ་བ་དང་ཐོན་སྐྱེད་ཡོ་བྱད།
  • འཁྱགས་སྒམ་སྤྱོད་སྐབས་དེ་འདྲ་བྱས་ན་ཉེན་ཁ་ཡོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-30

    ཁྱིམ་ཚང་མང་པོ་ཞིག་གིས་འཁྱགས་སྒམ་གྱི་འོག་ཏུ་སྤོས་འགྱིག་དང་ཤིང་ཆ་སོགས་ཀྱི་རྩབ་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དོན་དམ་དུ་བྱ་ཐབས་དེ་རིགས་ནི་ནོར་འཁྲུལ་རེད། དེའི་རྒྱུ་མཚན་ནི་འཁྱགས་སྒམ་གྱི་ལྕགས་ཀྱི་སུག་མཐིལ་བཞི་ལ་འཁྱགས་སྒམ་འདེགས་པའི་ནུས་པ་ཡོད་པ་ཕུད་ད་དུང་ས་སྐུད་ཀྱི་ནུས་པ་ཡང་ཐོན་གྱི་ཡོད་པས་རེད། འཁྱགས་སྒམ་གྱི་ནང་ངོས་བརླན་བཤེར་ཆེ་བས་གློག་རྒྱུན་ལ་འགོག་རྐྱེན་ཐོན་སྲིད། གལ་ཏེ་འཁྱགས་སྒམ་གྱི་ལྕགས་རིགས་ཀྱི་སུག་མཐིལ་ཐད་ཀར་ས་ངོས་དང་ཐུག་ན་གློག་རྒྱུན་སུག་མཐིལ་བཞི་བརྒྱུད་ནས་ས་འོག་ཏུ་འགྲོ་བས་འཁྱགས་སྒམ་བེད་སྤྱོད་ཀྱི་བདེ་འཇགས་ཐད་ཕན་ཐོགས་ཡོད། གལ་ཏེ་འཁྱགས་སྒམ་འོག་ཏུ་རྩབ་བརྒྱབ་ན་གློག་རྒྱུན་ས་འོག་ཏུ་འགྲོ་མི་ཐུབ་པས་གློག་འཁྱུད་པ་སོགས་ཀྱི་གནས་ཚུལ་ཐོན་སླ་ལ། འཁྱགས་སྒམ་རླུང་འགྲོའི་ནུས་པ་ཡང་ཞན་དུ་འགྲོ་གི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།