[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ཇིན་ཚལ་འདེབས་གསོའི་ལག་རྩལ་ངོ་སྤྲོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-18

    དང་པོ། འདེབས་པའི་དུས་ཚོད་འདེམ་དགོས།

    དྲོད་ཁང་ནང་གི་འདེབས་གསོའི་དུས་ཚོད་ནི་ཟླ་བ་6པའི་ཟླ་དཀྱིལ་ནས་ཟླ་བ་7པའི་ཟླ་སྨད་བར་ལ་ས་མཐོངས་སུ་སོན་འདེབས་བྱས་ནས་ཟླ་བ་8པའི་ཟླ་དཀྱིལ་ནས་ཟླ་བ་9པའི་ཟླ་སྨད་དུ་ཉི་འོད་དྲོད་ཁང་ཆེན་པོའི་ནང་དུ་རྩ་སྤོས་རྒྱག་པ་དང་ཟླ་བ་10པའི་ཟླ་དཀྱིལ་ནས་ཕྱི་ལོའི་ཟླ་བ་3པའི་ཟླ་སྟོད་དུ་འབྲས་བུ་བསྡུ་ཐུབ།

    གཉིས་པ། འདེབས་གསོའི་ལག་རྩལ།

    1.སོན་འདེབས་མྱུ་གུ་གསོ་ཐབས།

    ཇིན་ཚལ་ནི་ཧ་ཅང་མཁྲེགས་པས་ཆུ་སིམ་བདེ་པོ་མེད་སྟབས་སོན་མ་བཏབ་གོང་སོན་ཆུར་སྦང་ནས་མཆེ་བ་གཏོང་དུ་འཇུག་དགོས།   དེའི་ཐབས་ཤེས་ནི་སྔོན་ལ་ཆུ་གྲང་མོ་བླུགས་པའི་སྣོད་ཆས་ནང་ཉིན་2གཡས་གཡོན་སྦོང་བ་དང་དེ་ནས་སོན་ཆུའི་ནང་ནས་བཏོན་ཏེ་སྲང་རས་ནང་བླུགས་ནས་དྲོད་ཚད་20ནས་26འོག་ཏུ་མཆེ་བ་གཏོང་དུ་འཇུག་དགོས། སོན་90%མཆེ་བ་དཀར་པོ་ཐོན་སྐབས་བཏབ་ན་འགྲིག   མྱུ་གུ་མང་ཆེ་བ་ས་ནས་ཐོན་སྐབས་མྱུ་གུ་གསོ་སར་བཀབ་པའི་རྩའམ་ཚགས་པར་བཤུས་ཏེ་ཆུ་བཏང་ན་འགྲིག ཆུ་གཏོར་ཚད་ཆེ་མ་དྲགས་པ་བྱས་ནས་མྱུ་གུ་གསོ་ས་རློན་པ་ཆགས་པ་ཙམ་གྱི་འགྲིག

    2.ས་ཁོད་སྙོམ་པ་དང་རྩ་སྤོས་རྒྱག་པ།

    ཇིན་ཚལ་སྤྱིར་བཏང་རྣང་མ་བཟོས་ཏེ་རྩ་སྤོས་རྒྱག་རྒྱུ་ཡིན་པས་རྩ་སྤོས་མ་བརྒྱབ་གོང་སྐྱེ་ལུད་འདང་ངེས་བརྒྱབ་ཅིང་ས་སློག་གཏིང་རིང་བརྒྱབ་ནས་ས་འཁོད་སྙོམས་ཏེ་རྣང་མ་འཐེན་པ་དང་། རྣང་མིག་བཟོ་བ་སོགས་བསྒྲུབས་ཚེ་མྱུ་གུ་མཐོ་ཚད་ལིའི་རྨིད་1གཡས་གཡོན་ལ་རྩ་སྤོས་བརྒྱབ་ན་འགྲིག མྱུ་གུ་རྐང་2ནས་3ལ་ཚོམ་བུ་རེ་བྱས་ཏེ་རྩ་སྤོས་བརྒྱབ་ན་ཆོག  སྤྱིར་བཏང་སྡོང་ཚོམ་སོ་སོའི་བར་ཐག་ལིའི་རྨིད་10གཡས་གཡོན་འཇོག་དགོས།

    གསུམ་པ །  དོ་དམ་བྱེད་སྟངས།

    1.ཆུ་གཏོང་ཐབས།

    རྩ་སྤོས་བརྒྱབ་ནས་མྱུ་གུ་སོས་པའི་ས་རྒྱུའི་ཁ་ངོས་བཞའ་བརླན་ཡོད་པ་བྱེད་ཅིང་། མྱུ་གུ་གསོས་པའི་རྗེས་བཞའ་ཚན་ལ་འོས་འཚམ་གྱི་ཚོད་འཛིན་བྱས་ནས་ཉིན་9ནས་10རེའི་མཚམས་སུ་ཆུ་ཐེངས་གཅིག་བཏང་ན་འགྲིག

    2.ཁ་ལུད་རྒྱག་སྟངས། དེ་སྔོ་ཚལ་གཞན་དང་མཚུངས་པ་ཡིན།

    3.དྲོད་ཁང་ནང་གི་དྲོད་དང་བཞའ་ཚན་སྙོམས་སྒྲིག་བྱེད་སྟངས། སྟོན་ཁ་དང་དགུན་ཁ་དྲོད་ཁ་ཆེན་པོའམ་ཉི་འོད་དྲོད་ཁང་གི་ཇིན་ཚལ་འདེབས་གསོ་བྱེད་པར་མྱུ་གུའི་དུས་སུ་རླུང་གློད་ནས་དྲོད་ཚད་དམའ་རུ་བཏང་སྟེ་སྐྱེ་འཚར་དུས་མཇུག་ལ་གྲང་འགོག་དྲོད་སྲུང་གི་ཐབས་ཤེས་བྱེད་དགོས། ཇིན་ཚལ་སྐྱེ་འཚར་དུས་འགོར་དྲོད་ཁང་ནང་རླུང་གློད་དེ་དྲོད་ཚད་15ནས་20བར་ཡོང་བ་བྱེད་དགོས་པ་བཅས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།