[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་ལྗོངས་ནང་ཁུལ་གྱི་4Aརིམ་པའི་གློག་ཤུགས་ཚད་ལྡན་ཅན་གྱི་སྤྱོད་བཟང་ཁེ་ལས་ཐོག་མར་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-15

    ཉིན་ཤས་གོང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང“AAAAརིམ་པའི་ཚད་ལྡན་ཅན་གྱི་སྤྱོད་བཟང་ཁེ་ལས”ལ་གཏོད་རྒྱུར་ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་གཏན་འཁེལ་བྱུང་བ་ལས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་གློག་ཤུགས་ཚན་ཞིབ་ལས་ཁུངས་ཐོག་མ་དང་བོད་ནང་ཁུལ་གྱི་AAAAརིམ་པའི་གློག་ཤུགས་ཚད་ལྡན་ཅན་གྱི་སྤྱོད་བཟང་ཁེ་ལས་ཐོག་མ་དེར་གྱུར་པ་མཚོན་ཡོད།

    རྒྱལ་ཁབ་གློག་དྲ་ཀུང་སིའི་ཚོད་ལྟའི་ཚན་པ་23གྱི་གྲས་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་གིས་2017ལོའི་ཟླ་3པ་ནས་བཟུང་ཚད་ལྡན་ཅན་གྱི་སྤྱོད་བཟང་ཁེ་ལས་གཏོད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ད་ལྟ་སྤྱོད་པའི་ལག་རྩལ་གྱི་ཚད་གཞི་དང་། དོ་དམ་ལམ་ལུགས། ལས་གནས་ཚད་ལྡན་བཅས་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ངོས་འཛིན་གྱིས་ལག་རྩལ་གྱི་ཚད་གཞི་441དང་། དོ་དམ་ལམ་ལུགས་259 ལས་གནས་གྱི་ཚད་གཞི་154བཅས་ལས་གྲུབ་པའི་ཚད་ལྡན་མ་ལག་ཅིག་བསྐྲུན་པ་དང་། གྲུབ་ཆ་ལུགས་མཐུན་དང་། གཞི་ཁྱོན་འོས་འཚམ། ནང་དོན་ཚན་རིག་དང་མཐུན་པ། ལག་བསྟར་ནུས་ལྡན་བཅས་ཀྱི་ཚད་ལྡན་ཅན་གྱི་འཁོར་སྐྱོད་ལམ་སྲོལ་ཞིག་བཙུཌ་པས། ལས་རིགས་ཁག་གི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་མ་ཐེབས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།