[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་ཀྱི“གཉིས་གཏོད”ཚན་རྩལ་གྱི་རྣམ་པར་དེ་བས་བཀྲག་མདངས་འཚེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-22

    ལྗོངས་ཡོངས་ཀྱི་རྫོང་ཚང་མར་ཁྱབ་པའི་གསར་གཏོད་ལས་གཏོད་ཞབས་ཞུའི་ལྟེ་གནས་རིམ་གྱིས་བཙུགས་པ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གསར་གཏོད་ལས་གཏོད་ཚོགས་པའི་ནོར་སྲིད་མ་དངུལ་རྒྱབ་སྐྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན། གཉིས་གཏོད་གཞི་རྟེན་དང་ཚན་རྩལ་གསར་གཏོད་གླིང་འཛུགས་སྐྲུན་སོགས་ཀྱི་ཐད་བྱེད་ཐབས་ཞིབ་ཕྲ་བཏོན་པ། བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་ཚན་རྩལ་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་དུས་བཀག་ལྟར་སྤེལ་བ། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་རྒྱལ་ཡོངས་ཀྱི“གཉིས་གཏོད”དཔེ་སྟོན་རྟེན་གཞིར་གྲུབ་འབྲས་ཐོབ་པའི་ངང་བདམས་པ་སོགས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”ལས་དོན་སྤེལ་ཚུན། རང་ལྗོངས་ཀྱིས་ཚན་རྩལ་དང“གཉིས་གཏོད”མཉམ་འདྲེས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ནུས་པ་དང་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་བ་དང་ཚན་རྩལ་ཐོན་ཁུངས་ལ་སྤྱི་འདོམས་ཧུར་ཐག་བྱེད་པ། ཁོར་ཡུག་རིམ་སྤོར་དང་། ནོར་སྲིད་རྒྱབ་སྐྱོར། ཚན་རྩལ་ལས་གཏོད། གྲུབ་འབྲས་ཕྱོགས་སྒྱུར། ལས་སྟེགས་ཞབས་ཞུ། ཚན་རྩལ་གསར་གཏོད་ཀྱི་མཐོ་ས་སོགས་ཐད་ལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པས“གཉིས་གཏོད”ཚན་རྩལ་གྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་པ་དང“གཉིས་གཏོད”ལས་དོན་གྱི་གཏམ་བཟང་ཡང་ཡང་ཁྱབ་པ། “གཉིས་གཏོད”ཀྱི་གསོན་ཤུགས་གང་ལེགས་རྒྱས་པ་བཅས་ཀྱི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད།

    མིག་སྔར། ལྗོངས་ཡོངས་སུ་ཀུན་གཏོད་བར་མཐོངས་དང་ཚན་རྩལ་ཁེ་ལས་གསོ་སྦྱོང་རྟེན་གཞི། ཤང་དང་གྲོང་རྡལ་གྱི་གསར་གཏོད་ལས་གཏོད་རྟེན་གཞི་སོགས“གཉིས་གཏོད”གཞི་རྟེན་120ཡོད་པའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཉིས་གཏོད་གཞི་རྟེན་35དང་བཅའ་སྡོད་ཁེ་ལས་2076ཡོད་པ་དང་མི་ཁྲི་1.51ལས་ཞུགས་ཐུབ་པའི་ནང་མཐོ་སློབ་སློབ་ཐོན་སློབ་མ་4784ཡོད་པ་རེད།

    ཚན་རྩལ་འདེགས་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། 《གསར་གཏོད་ལས་གཏོད་ལྟེ་གནས་བསྐྲུན་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་དོ་དམ་བྱ་ཐབས》 《བོད་རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”གཞི་རྟེན་གྱི་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་དང་ལོ་འཁོར་གཉེར་སྐྱོང་དཔྱད་ཞིབ་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས(གནས་སྐབས་ལག་བསྟར)》སོགས་ཀྱི་དབུལ་སྐྱོར་སྲིད་ཇུས་བཏོན་ནས་ཚད་རྩལ་འདེགས་སྐྱོར་གྱི་ཞབས་ཞུའི་ཁོར་ཡུག་བཟང་སྒྲིག་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།