[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • གོང་དཀར་རྫོང་གིས་ལོ་ཏོག་འདེབས་གསོའི་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

    ཞིང་འབྲོག་པའི་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་དང་ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། གོང་དཀར་རྫོང“ལས་གཉིས་གཞུང་དོན་ཁང”དང་། ལྷོ་ཁ་ཧུང་ཐུའུ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས། འཕྲེང་འགོ་ཤང་ཕུ་ཤར་གྲོང་ཚོར་2019ལོའི་གོང་དཀར་རྫོང་ཞིང་འབྲོག་པའི་ལོ་ཏོག་འདེབས་གསོའི་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་་སློབ་འགོ་ཚུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཁྱོན་སློབ་མ་40ཡོད་པ་དང་། དུས་ཡུན་ཉིན་ལྔ་ཡིན་པ་རེད། གསོ་སྦྱོང་འཛིན་གྲྭས་ལག་ལེན་དངོས་དང་། སྤྱོད་གོ་ཆོད་པ། ཕན་ནུས་ཆེ་བ་བཅས་དམིགས་ཡུལ་དུ་བྱས་ཏེ། “རིགས་པའི་གཞུང་ལུགས་དང་ལག་ལེན”ཟུང་འབྲེལ་གྱི་གསོ་སྦྱོང་རྣམ་པ་སྤྱད་པར་མཛུབ་ཁྲིད་རང་བཞིན་ཆེ་བ་དང་སྤྱོད་ནུས་ཆེན་པོ་ལྡན་ཡོད་པ་རེད། གསོ་སྦྱོང་བརྒྱུད། ཞིང་འབྲོག་པའི་ལོ་ཏོག་འདེབས་གསོའི་ལག་རྩལ་དང་ཤེས་བྱ་ཤེས་རྟོགས་དང་གོ་བ་ལོན་ཚད་སྔར་བས་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་པའི་ཞིང་ལས་ཚན་རྩལ་གྱི་བྱང་ཚད་དང་འབྲུ་རིགས་འདེབས་གསོའི་རྩལ་ནུས་ཆེ་རུ་ཕྱིན་པ། ཐོན་སྐྱེད་བྱེད་རིང་ཞིང་འབྲོག་པར་འཕྲད་པའི་དཀའ་གནད་སེལ་རོགས་ཐུབ་པ་བཅས་ལས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།