[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་སྐད་ཡིག་ཡིག་སྒྱུར་མཉེན་ཆས“བོད་སྒྱུར་ལོ་ཙཱ”ཞེས་པ་དྲ་ཐོག་ཏུ་སྤྱོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-25

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་དང་སྐད་བརྡ་ཤན་འབྱེད་མཉམ་འདྲེས་སོགས་ཀྱི་ལག་རྩལ་སྤྱད་དེ་ཞིབ་བཟོ་བྱས་པའི་བོད་སྐད་ཡིག་ཡིག་སྒྱུར་མཉེན་ཆས“བོད་སྒྱུར་ལོ་ཙཱ”ཞེས་པ་ཉིན་ཤས་གོང་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཡོད། རིག་ནུས་ལྡན་པའི་བོད་ཡིག་ཡིག་སྒྱུར་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་བའི་བཀོལ་སྤྱོད་ཐོན་རྫས་དེས་དུས་དང་རྣམ་པ་ཀུན་ཏུ་བོད་སྐད་ཡིག་ཡིག་སྒྱུར་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། 

    བོད་ལྗོངས་ཀའོ་ཁྲི་ཀུང་སི་དང་ཁྲེང་ཏུའུ་ཚན་རྩལ་སློབ་ཆེན་གྱི་ཤུན་ཧྥེ་མཉམ་ལས་བྱས་ནས་ཞིབ་བཟོ་བྱས་པའི“བོད་སྒྱུར་ལོ་ཙཱ”ཞེས་པ་དེའི་བྱེད་ནུས་གཙོ་བོའི་གྲས་སུ་ཡིག་སྒྱུར་དང་། སྐད་ཡིག་སྒྲིག་བཟོ། སྐད་སྒྱུར། རྩོམ་ཡིག་ཀློག་འདོན་སོགས་ཡོད། མཉེན་ཆས་སྤྱོད་མཁན་ལ་ཆེད་ལས་ཅན་གྱི་བོད་སྐད་སྙན་སྒྲོན་པའི་སྐད་གདངས་མཁོ་འདོན་བྱས་པ་མ་ཟད། ད་དུང་ཡི་གེ་གསལ་བའི་ནུས་པའང་ལྡན་ཡོད། མ་ཟད་ས་གནས་ཁག་གི་བོད་ཀྱི་ཡུལ་སྐད་ཀྱི་དཔྱད་གཞིའི་བང་མཛོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཡང་དག་ངང་ཡིག་སྒྱུར་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། 

    བོད་ལྗོངས་ཀའོ་ཁྲི་ཀུང་སིའི་ཐོན་རྫས་ཀྱི་འགན་ཁུར་བས“བོད་སྒྱུར་ལོ་ཙཱ”ཞེས་པར་AIདྲ་རྒྱ་ཆད་ཀྱང་རིག་ནུས་ཡིག་སྒྱུར་ཐུབ་པའི་བྱེད་ནུས་ལྡན་སྟབས་དྲ་རྒྱ་མེད་ཀྱང་སྐད་ཡིག་ཕན་ཚུན་ཡིག་སྒྱུར་བྱེད་ཐུབ། “བོད་སྒྱུར་ལོ་ཙཱ”Appདེ་IOSདང་ཨན་ཀྲོའི་བཀོལ་སྤྱོད་ཁྲོམ་ར་ཆེ་གྲས་ཁག་ནས་ཕབ་འཇུག་བྱེད་ཆོག་གི་ཡོད། མིག་སྔར་ཁྲོམ་རའི་ཐོག་རྒྱ་བོད་ཡིག་སྒྱུར་མཉེན་ཆས་ཧ་ཅང་ཉུང་ཉུང་རེད། བོད་ཀྱི་ཆ་འཕྲིན་ཅན་ཐོན་ལས་ཀྱི་རིག་ནུས་སྐད་བརྡའི་ལག་རྩལ་བཀོལ་སྤྱོད་འགོ་འཛུགས་སར་བརྩིས་པའི“བོད་སྒྱུར་ལོ་ཙཱ”ཞེས་པ་དེ་ཆ་ལག་ཚང་པོ་བྱུང་རྗེས“མཉམ་སྦྲེལ་དྲ་རྒྱ+སྲིད་དོན་ཞབས་ཞུ”དང་། “བློ་རིག་སྨན་བཅོས” “བློ་རིག་སློབ་གླིང”སོགས་དང་མཉམ་འདྲེས་བྱས་ནས་སྤྱོད་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།