[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་རྩེ་རྫོང་མི་དམངས་སྨན་ཁང་གི་སྨན་པས་གྲོང་ཚོར་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-31

    གྲོང་མིའི་རང་ངོས་ཀྱི་བདེ་ཐང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས“སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས”བཅས་ཡོང་ཕྱིར། ལྷ་རྩེ་རྫོང་མི་དམངས་སྨན་ཁང་གི་དབང་པོ་ལྔའི་ཚན་ཁག་གི་སྨན་པ་དགའ་བཟང་ཚེ་རིང་གིས་གཟའ་མཇུག་གི་དུས་ཚོད་སྤྱད་དེ་ཆེད་མངགས་ལྷ་རྩེ་རྫོང་རྩེ་བྱང་གྲོང་ཚོར་བསྐྱོད་དེ་རྩེ་བྱང་གྲོང་ཚོའི་གྲོང་མིར་འོས་འགན་སྨན་བཅོས་དང་སྨན་སྦྱིན་པ་རེད།

    ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་སྨན་ཚང་མ་དགའ་བཟང་ཚེ་རིང་རང་ཉིད་ཀྱིས་ཉོས་པ་དང་། རིན་པ་མི་དགོས་པར་གྲོང་མིར་ཁྲག་ཤེད་གཅོག་པའི་སྨན་དང་ཕོ་བའི་སྨན་སོགས་སྤྲད་པར་སྒོར་3000ལྷག་ཟིན་གྱི་ཡོད། ནད་བརྟག་སྨན་བཅོས་དང་བློ་འདྲི་བྱེད་པར་ཡོང་མཁན་མང་ཚོགས་300ལྷག་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།