[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་རྫོང་དང་ཤང་གི་སྨན་བཅོས་གཞི་གཅིག་ཅན་གྱི་འཛུགས་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-09

    ཉེ་དུས་གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མང་ཚོགས་སྨན་བཅོས་བྱ་རྒྱུར་སྔར་བས་སྟབས་བདེ་ཡོང་ཆེད་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཞིབ་འཇུག་ཐེངས་མང་བྱས་ནས“བདེ་ཐང་གི་ལྷ་ས”བསྐྲུན་རྒྱུའི་དམིགས་ཚད་ལ་གཞིགས་ཏེ་རྫོང་དང་ཤང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་ཡོང་བར་སྤྱི་འདོམས་བྱེད་པའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་ཚད་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དོ་དམ་གཞི་གཅིག་ཅན་གྱི་ལས་དོན་ལ་སྐུལ་མ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་རྫོང་དང་ཤང་གི་སྨན་བཅོས་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་མ་བཏང་ནས་སྨན་བཅོས་ཞབས་ཞུའི་ཚད་གཞི་གཅིག་གྱུར་ཡོང་བ་བྱས་ཡོད། རྫོང་ཁོངས་སྨན་བཅོས་ཚོགས་པ་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི(རྫོང་དང་ཤང་གཞི་གཅིག་ཅན)ནང་གི་ཚན་པ་ཁག་གི་སྒྲིག་སྲོལ་ལམ་ལུགས་དང་ལག་རྩལ་གྱི་འཆར་འགོད་སོགས་ཀྱི་ཐད་ཚད་གཞི་གཅིག་མཚུངས་ལག་ལེན་བསྟར་རྒྱུ་དང་། ཁྱིམ་ཚང་སྨན་ཁང་དང་གན་འཇོག་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་རྫོང་ཁོངས་སྨན་བཅོས་ཚོགས་པ་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྟོབས་ཤུགས་སྤྱི་འདོམས་བཀོད་སྒྲིག་ངང་རྫོང་རིམ་པའི་སྨན་ཁང་གི་ཆེད་ཚན་སྨན་པ་དཀའ་བཅུ་པ་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་མཁོ་ཆོད་སྨན་པ། སྤྱི་པའི་འཕྲོད་བསྟེན་གྱི་སྨན་པ་དཀའ་བཅུ་པ། གྲོང་ཚོའི་སྨན་པ་བཅས“1+1+1+1”ལ་གན་འཇོག་ཞབས་ཞུའི་དཔེ་དབྱིབས་ལག་ལེན་བསྟར་ཏེ་ཁྱིམ་ཚང་སྨན་པ་དང་གན་འཇོག་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུར་སྐུལ་མ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་ནས་སྔོན་འགོག་གཙོར་བཟུང་འབུར་ཐོན་དང་། འགོག་བཅོས་ཟུང་འབྲེལ་གྱི་སྒོ་ནས་སྔོན་འགོག་སྨན་ཁབ་རྒྱག་པ་དང་། ནད་ཡམས་ཚོད་འཛིན་ལམ་ལུགས། མ་བུ་འཆར་བཙའ་སོགས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ། བོད་ལུགས་གསོ་བ་རིག་པའི་བདེ་ཐང་ཞབས་ཞུའི་ནུས་པར་ཤུགས་སྣོན་བརྒྱབ་ནས་ཁོངས་མིའི་ཚན་པའི་གཞི་རིམ་གྱི་ཚད་ལྡན་ཅན་གྱི་གསོ་རིག་ཁང་འཛུགས་སྐྱོང་གཏིང་ཟབ་བྱས་ཏེ་བོད་ལུགས་གསོ་བ་རིག་པ་དང་མཐུན་པའི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།