[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བདེ་ཐང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-01

    654444_yis_1566279386641_s.jpg

    ཏང་འཛུགས་སྐྱོང་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་ཁྲིད་སྟོན་བྱེད་པའི“ཞབས་ཞུའི་སྣེ་ཁྲིད”ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བུད་མེད་ཀྱི་བདེ་ཐང་ལ་སྔར་བས་སྲུང་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བུད་མེད་ཀྱི་ནད་ཡམས་འགོག་བཅོས་དང་གྲལ་བཤེར་ལས་དོན་སྒྲུབ་པ། སྔ་ཙམ་སྨན་བཅོས་བརྟག་དཔྱད་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་སྔོན་འགོག སྔ་ཙམ་སྨན་བཅོས་བཅས་བྱས་ནས་བུད་མེད་ཀྱི་ལུས་སེམས་བདེ་ཐང་འགན་ལེན་དེ་བས་ལེགས་པ་བྱ་ཆེད། འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཕྱོགས་ཡོངས་དང་དུས་འཁོར་ཡོངས་ཀྱི་བདེ་ཐང་ཞབས་འདེགས་ཧུར་ཐག་ཞུ་བ་དང་དུས་མཚུངས། ད་དུང་རྒྱ་ཆེའི་བུད་མེད་ཀྱིས་རང་ངོས་བདེ་ཐང་ལ་མཐོང་ཆེན་བྱེད་པར་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ། བཙའ་ལོ་རན་པའི་བུད་མེད་ཀྱི་ནད་ཡམས་འགོག་བཅོས་ཤེས་བྱ་རྟོགས་ཚད་མཐོ་རུ་བཏང་ནས“སྔོན་འགོག”ནི“སྨན་བཅོས”ལས་གལ་ཆེ་བའི་བདེ་ཐང་གི་འདུ་ཤེས་བཙུགས་ཡོད། འདི་ནི་སྨན་དོན་མི་སྣས་བུད་མེད་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།