[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མང་ཚོགས་ཀྱི་གཟུཌ་གཞི་བདེ་ཐང་དང་འཚོ་བ་བདེ་སྐྱིད་ལྡན་པའི་འགན་ལེན་བྱས།

    ​ —— ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-01

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱེད་པ་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས། གཞི་རིམ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་པ་བརྒྱུད། སྨན་བཅོས་དང་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་དང་། སྤྱི་པའི་འཕྲོད་བསྟེན་དང་བདེ་ཐང་སློབ་གསོར་ཤུགས་སྣོན། སྨན་བཅོས་འཕྲོད་བསྟེན“ནད་གཞི་སྨན་བཅོས་ལྟེ་བར་བྱེད་པ”ནས“བདེ་ཐང་ལ་སྐུལ་འདེད་གཏོང་བ་ལྟེ་བར་བྱེད་པའི”ཞབས་ཞུའི་རྣམ་པ་སྒྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་མང་ཚོགས་ལ་དེ་ལས་ཁེ་ཕན་ཐོབ་པར་བྱས་པས“བདེ་ཐང་གི་སྣེ་གདོང”སྐྲུན་པའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད།

    ཞན་ཆ་གསབ་ནས་ནད་ལྟ་དཀའ་བའི་གནད་དོན་བསལ་བ།

    སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་སྐོར་གླེང་སྐབས། སྣེ་གདོང་གི་མང་ཚོགས་ཚང་མས་གླེང་མང་ཤོས་ནི“ནད་བཅོས་ཐུབ་པ”དང“ནད་ལྟ་བདེ་པོ་ཡོད་པའི”སྐོར་ཡིན་ལ། འགྱུར་ལྡོག་ཆེ་ཤོས་ཀྱང་དེ་ཡིན་པར་གདེང་འཇོག་བྱེད་ཀྱི་ཡོད། དེ་ལས་སྣེ་གདོང་ཆུས་ཀྱིས་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་དཀོན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཀྱི་ཞན་ཆ་ཆེན་པོ་གཉིས་གསབ་རྒྱུར་འབད་བརྩོན་བྱས་པ་དང་གྲུབ་འབྲས་ཐོབ་པ་མཚོན་ཡོད།

    2019ལོའི་ལོ་སྟོད་ཁོ་ནར་སྣེ་གདོང་ཆུས་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་དང་། རྒྱུགས་ལེན། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རྣམ་གྲངས་བཅས་བརྒྱུད། སྨན་དོན་མི་སྣ་21མང་དུ་བཏང་བས། སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱུང་ཡོད།

    འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྣེ་གདོང་ཆུས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། ཁྲ་འབྲུག་གྲོང་རྡལ་འཕྲོད་བསྟེན་ཁང་། སྐྱེད་པ་ཤང་འཕྲོད་བསྟེན་ཁང་། ཁེ་གསུམ་སྡེ་ཁུལ་འཕྲོད་བསྟེན་ཁང་བཅས་ཀྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། ཡར་སྟོད་ཤང་སོགས་ཤང་དང་གྲོང་རྡལ་བཞིའི་འཕྲོད་བསྟེན་ཁང་གི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་བརྟག་དཔྱད་ཁང་བསྐྲུན་པ། ཁྲ་འབྲུག་གྲོང་རྡལ་དང་སྐྱེད་པ་ཤང་གི་ཚད་ལྡན་ཅན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་2གཙོ་གནད་བཏོད་པ། གཞི་རིམ་གྱི་རིམས་འགོག་སྨན་ཁབ་སྒོ་བསྟེན་སྨན་ཁང་དང་ཕྲུ་གུ་སྐྱེ་བསུ་ཁང་བསྐྲུན་པ། འཁྱེར་བདེའི་Bསྒྲ་རླབས་དང་སྙིང་པར་འཕྲུལ་ཆས་སོགས་སྒྲིག་ཆས་སྤྲད་པ་བཅས་བྱས་པས་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩར་ནད་ལྟ་བར་སྔར་བས་སྟབས་བདེ་བསྐྲུན་ཡོད།

    ཤུགས་ཚད་ཆེ་རུ་བཏང་ནས་བདེ་ཐང་ལ་འགན་ལེན་བྱས་པ།

    རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་པར་སྨན་བཅོས་ལག་རྩལ་བྱང་ཆུབ་པ་དང་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་ཡག་པོ་དགོས་པ་མ་ཟད། འགན་ལེན་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་ཕན་གྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་དགོས།

    རྡོ་ཕོ་བྲང་ཤང་གི་བགྲེས་སོང་སྒྲོལ་དཀར་ཚེ་རིང་ལ་ན་ནིང་ཁྲག་རྩ་འགགས་པའི་ནད་ཕོག་པས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་ཁོང་ལ་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་ཁྱིམ་མི་ཡོངས་ལ་དཀའ་ངལ་ཆེན་པོ་ཕྲད་ཡོད།

    ཕྱིས་སུ་གྲོང་ཚོའི་ལས་བྱེད་པས་ཁོང་གི་ཁྱིམ་མི་བཙལ་ནས་ཁོ་ཚོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དང་ནད་ཆེན་གྱི་འགྲོ་སོང་རྩིས་ཞུའི་སྲིད་ཇུས་སྒྲོག་འགྲེལ་དང་སྦྲགས་སྨན་བཅོས་མུ་མཐུད་ནས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཡོད། གོ་བསྐོན་བློ་འགུག་གི་སློབ་གསོ་བརྒྱབ་རྗེས། སྒྲོལ་དཀར་ཚེ་རིང་གིས་སེམས་རྣལ་དུ་ཕབ་ནས་སྨན་བཅོས་བྱས་པར་སྨན་རིན་སྒོར་ཁྲི་1ལྷག་ཙམ་སོང་ཡང་སྒོར་8000ལྷག་ཙམ་རྩིས་ཞུ་བྱས་པས། ཁྱིམ་མི་ཡོངས་ཧ་ཅང་དགའ་པོ་བྱུང་ཡོད།

    2019ལོར་སྣེ་གདོང་ཆུས་ཀྱིས་མ་དངུལ་སྒོར་ཁྲི་1537.28བཏང་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འགན་ལེན་བྱས་པ་ལས་མིག་སྔའི་བར་ཞིང་འབྲོག་པར་ནད་ཆེན་ཕོག་པར་སྤྱི་འདོམས་རྩིས་ཞུ་མི་ཐེངས་258ལ་དངུལ་སྒོར་ཁྲི་293.37བྱས་ཡོད་པ་མ་ཟད། སྒྲོལ་དཀར་ཚེ་རིང་དང་འདྲ་བའི་མང་ཚོགས་མང་པོར་དེ་ལས་ཕན་པ་ཐོབ་ཡོད།

    སྔོན་འགོག་ཚོད་འཛིན་ལ་ཤུཌ་སྣོན་བརྒྱབ་ནས་ནད་གཞི་ཕོག་ཚད་ཉུང་དུ་བཏང་བ།

    “དོན་དག་འཕྲད་སྐབས་སྔོན་ལ་གཅོད་པ་དང་། ནད་གཞི་ཕོག་སྐབས་སྔོན་ལ་བཅོས་དགོས” སྤྱི་པའི་འཕྲོད་བསྟེན་ནི་དམངས་ཡོངས་བདེ་ཐང་གི་རྨང་རྡོ་ལྟ་བུ་ཡིན་པས་བདེ་ཐང་འགན་ལེན་བྱེད་པར་སྔོན་ནས་འཆར་གཞི་འགོད་དགོས་པ་མ་ཟད། སྔོན་འགོག་གཙོ་བོར་བཟུང་ནས་སྔོན་འགོག་དང་ཚོད་འཛིན་ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་དགོས། དེར་བརྟེན་ནད་ཡམས་གྲལ་བཤེར་དང་། བདེ་ཐང་གི་དྲིལ་བསྒྲགས། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ལ་བླང་བྱ་ནན་པོ་བཏོན་ཡོད།

    འདི་ལོ་ཤར་ཚུན། སྣེ་གདོང་ཆུས་སུ་ཞིང་འབྲོག་པ་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་གཟུགས་པོ་བརྟག་དཔྱད་བྱེད་ཚད་100%ཟིན་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་100%ཟིན་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར“3+1”གི་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་ཚད་100%ཟིན་པ། སློབ་ལོ་ལོན་པའི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་ཚད་96%ཡན་ཟིན་པ། ལོ་ལྔ་མན་གྱི་བྱིས་པ་ཤི་ཚད་7.6མན་ཚོད་འཛིན་ཐུབ་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།