[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ཐད“གཉིས་གཅོག་གཅིག་འཕར་གསུམ་ཐོན་མི་དགོས་པའི”དམིགས་ཚད་རགས་ཙམ་གྲུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-08

    ཉེ་ཆར། གསར་འགོད་པར་ལྷ་སར་འཚོགས་པའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཚུན་བོད་ཀྱི་ཕྲུ་གུ་དམར་འབྱར་འཆི་ཚད་དང་སྦྲུམ་མ་འཆི་ཚད་2014ལོའི་16.81/1000དང་108.86/ཁྲི་10ནས་2018ལོའི་11.59/1000དང་56.52/ཁྲི་10བར་ཆག་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་85.01%ནས་90.66%བར་མཐོ་རུ་སོང་བ།“ནད་ཆེན”རིགས་400ཙམ་ལྗོངས་རིམ་པའི་སྨན་ཁང་ནས་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2200ཙམ་ས་ཁུལ་རིམ་པའི་སྨན་ཁང་ནས་བཅོས་ཐུབ་པ། “ནད་ཆུང”ཕལ་ཆེ་བ་ཤང་དང་གྲོང་རྡལ་གྱི་སྨན་ཁང་ནས་བཅོས་ཐུབ་པ་སྟེ“གཉིས་གཅོག་གཅིག་འཕར་གསུམ་བཅོས་ཐུབ་པའི”དམིགས་ཚད་རགས་ཙམ་གྲུབ་ཡོད་པ་རེད།

    2015ལོར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དངོས་སུ་འགོ་ཚུགས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་སྔ་རྗེས་སུ་རིགས་གཅིག་མཁས་ཅན་842བོད་ལ་མངགས་ཏེ་སྨན་བཅོས་ཚོགས་པ་588ལ་རོགས་ཁྲིད་བྱས་པ་མ་ཟད། ཐུམ་འབུའི་ནད་གཤག་བཅོས་5000ལྷག་ཙམ་རིན་མེད་ཐོག་བྱེད་རོགས་བྱས་པ་དང་། ནང་སའི་ལག་རྩལ་གྱི་གྲུབ་འབྲས་ཁག་847ནང་འདྲེན་བྱས་ཏེ་ལག་རྩལ་མཐོ་བའི་སྨན་བཅོས་300ལྷག་ཙམ་བྱས་པའི་ནང་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་50ལྷག་ཙམ་གྱི་སྟོང་ཆ་གསབ་ཡོད་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་བོད་དུ་ནད་པ་ཚབས་ཆེན་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་90%ཡན་ཟིན་པ་དང་མི་རེའི་ཆ་སྙོམས་ཚེ་ཚད་2014ལོའི་ལོ་68.2ནས་ལོ་70.6བར་མཐོ་རུ་སོང་སྟེ་འཕར་ཚད་ལོ་2.4ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།