[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་དུ་ཁྲག་སྦྱིན་གཏོང་མཁན་ལ་འཕྲུལ་ཆས་ཀྱིས་ཁྲག་འཚག་རྒྱུ་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-21

    663223_yis_1568952909759_s.jpg

    འདི་ནི་དང་བླངས་པ་ལེའོ་ཀྲེ་ལེན་གྱིས་བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ནས་འཕྲུལ་ཆས་སྤྱད་དེ་ཁྲག་འཚག་བཞིན་པ།

    ནང་སའི་བོད་སྐྱོད་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག ཚེས་18ཉིན། དང་བླངས་པ་ལེའོ་ཀྲེ་ལིན་གྱིས་བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ནས་འཕྲུལ་ཆས་སྤྱད་དེ་ཁྲག་རིལ་ལེབ་ཆུང་བཙགས་པ་དེ་ཐོག་ནས་ས་མཐོའི་ས་ཁུལ་དུ་འཕྲུལ་ཆས་ཀྱིས་ཁྲག་རིལ་ལེབ་ཆུང་འཚག་རྒྱུ་ཡོད་པ་མཚོན་ལ་ཁྲག་རིལ་ལེབ་ཆུང་བཙགས་པའི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་ཡང་བཏོད་པ་རེད།

    ཁྲག་རིལ་ལེབ་ཆུང་ལ་ཁྲག་འཁེངས་པ་དང་། ཁྲག་བཀག་པ། ཁྲག་རྩ་བརྡོལ་བ་ཉམས་གསོ་ཐུབ་པ་བཅས་ཀྱི་ནུས་པ་ལྡན་པ་དང་། འཕྲུལ་ཆས་ཀྱིས་ཁྲག་པང་ལེབ་ཆུང་བཙགས་པ་ནི་ཚན་རིག་གི་ཡོ་ཆས་ལ་བརྟེན་ནས་ཁྲག་སྦྱིན་མཁན་གྱི་ཁྲག་རྒྱུན་ཁྲོད་ཀྱི་ཁྲག་རིལ་ལེབ་ཆུང་འོས་འཚམ་ངང་བཙགས་པ་ཞིག་ཡིན། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་བསྟུན་ནས། བོད་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞིའི་ནད་ཐོག་སྨན་བཅོས་ཀྱི་ཁྲག་རིལ་ལེབ་ཆུང་གི་དགོས་མཁོ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱིས་ཁྲག་རིལ་ལེབ་ཆུང་འཚག་པའི་སྒྲིག་ཆས་དང་དབོར་སྐྱེལ་ཉར་ཚགས་སྒྲིག་ཆས་ཉོས་པ་དང་འབྲེལ། སྨན་དོན་མི་སྣ་6ཡུན་ནན་ཁུན་མིང་ཁྲག་རྒྱུན་ལྟེ་གནས་སུ་འཕྲུལ་ཆས་ཀྱིས་ཁྲག་རིལ་ལེབ་ཆུང་བཙགས་པའི་ལག་རྩལ་སྦྱོང་བར་བཏང་ཡོད། འདི་ལོའི་ཟླ་2པར། བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱིས་འཕྲུལ་ཆས་ཀྱིས་ཁྲག་རིལ་ལེབ་ཆུང་བཙགས་པའི་སྒྲིག་ཆས་ཀྱི་འོས་སྐུལ་འོས་འབོད་ཀྱི་ཉོ་སྒྲུབ་དང་། བསྒར་བ་དང་ཚོད་ལྟ། ཁྲག་རིལ་ལེབ་ཆུང་བཙགས་སའི་ཁང་པའི་སྒྱུར་བཀོད་བཅས་དང་དེ་བཞིན་ལྟེ་གནས་ཀྱི་ལས་སྒོའི་མི་སྣའི་གསོ་སྦྱོང་ལས་དོན་བཅས་ལེགས་གྲུབ་ཟིན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཁྲག་རིལ་ལེབ་ཆུང་དབོར་སྐྱེལ་དང་། ཉར་ཚགས། ཁྲག་བླུགས་པ་སོགས་ཀྱི་ནད་ཐོག་སྨན་བཅོས་ཀྱི་འབྲེལ་ཡོད་གྲ་སྒྲིག་ལས་དོན་བསྒྲུབས་ཟིན་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་དོན་ཁྲུའི་ཁྲུའུ་ཀྲང་ཁྲེན་ཝུའེ་ཡིས“ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད། བོད་དུ་འཕྲུལ་ཆས་ཀྱིས་ཁྲག་རིལ་ལེབ་ཆུང་བཙགས་རྒྱུ་མངོན་འགྱུར་བྱུང་ནས་བོད་ཀྱི་སྨན་བཅོས་ལག་རྩལ་རྒྱ་སྐྱེད་ཆེད་ཁྲག་རྒྱུན་གྱི་འགན་ལེན་མཁོ་འདོན་བྱས་ཡོད”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།