[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>དོན་ཆེན་ལོ་ཚིགས།
  •   སྤྱི་ལོ་1118ས་ཁྲི།   ༡.གླང་རི་ཐང་པ་རྡོ་རྗེ་སེང་གེ་སྐུ་གཤེགས།   ༢.ཕག་གྲུབ་རྡོ་རྗེ་རྒྱལ་པོའི་སློབ་མ་རྒྱལ་ཚ་ཀུན་དགའ་ཤེས་རབ། མཚན་གཞན་རིན་ཆེན་མགོན། ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད་དུ་སྐུ་འཁྲུངས། དགུང་ལོ་ལྔར་ཡིག་རྩིས་ལ་སྦྱང་པ་མཛད། སྐུ་ན་སོན་རྗེས་གནུབས་ཉི་མ་སོགས་མཁས་གྲུབ་མང་པོའི་དྲུང་ནས་གཞུང་ལུ...
  •   སྤྱི་ལོ་1121ལྕགས་གླང་། མཉམ་མེད་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུས་དྭགས་པོ་བཀའ་བརྒྱུད་པའི་གདན་ས་དྭགས་ལྷ་སྒམ་པོ་ཕྱག་བཏབ།   ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ》ལས་བཏུས།
  •   སྤྱི་ལོ་1122ཆུ་སྟག ཀཐོག་དམ་པ་བདེ་གཤེགས། མཚན་དངོས་ཤེས་རབ་སེང་གེའམ་སྤོབས་པ་མཐའ་ཡས་རྨེ་ཤོད་ཀྱི་ཉེ་ཕྱོགས་སུ་སྐུ་འཁྲུངས། འདི་ནི་རྙིང་མ་བའི་མཁས་གྲུབ་ཆེན་པ་ཞིག་ཡིན། འཛམ་སྟོན་འགྲོ་བའི་མགོན་པོ་དང་།ཀརྨ་པ་དུས་གསུམ་མཁྱེན་པ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་གཞུང་ལུགས་མང་དུ་གསན་མཁས་པར་གྱུར། སྡེ་དགེ་ཀཐོག་དགོན་ཕ...
  •   སྤྱི་ལོ་1123ཆུ་ཡོས།   ༡.སྒྲུབ་བརྒྱུད་འཛིན་པའི་ཀ་ཆེན་བཞི་ཡི་ཡ་གྱལ་རྗེ་བཙུན་མི་ལ་རས་པ་དགུང་ལོ་གྱ་བཞིར་ཕེབས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས།   ༢.ཚལ་པ་བཀའ་བརྒྱུད་པའི་སྲོལ་གཏོད་པ་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་ནི། ཡབ་སྔགས་པ་རྗོ་རྗེ་སེམས་དཔའ་པ་དང་། ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་གཞོན་ནུའི་དུས་སུ...
  •   སྤྱི་ལོ་1129ཤིང་འབྲུག ཉང་རལ་ཉི་མ་འོད་ཟེར། མཚན་གཞན་མངའ་བདག་ཉང་རལ་པ་ནི། ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་སུ་ཡབ་ཀྱི་དྲུང་ནས་ཆོས་འབའ་ཞིག་གསན། དེ་རྗེས་རྒྱ་སྨྱོན་པ་དོན་ལྡན་དང་། ཞིག་པོ་ཉི་མ་སེང་གེ་...
  •   སྤྱི་ལོ་1126མེ་རྟ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི། གཙང་ཉང་སྟོད་སྒོ་བཞིའི་རེ་ཐང་དུ་སྐུ་བལྟམས། དགུང་ལོ་བརྒྱད་དུ་ཕེབས་སྐབས་གསོ་རིག་གི་གཞུང་ལུགས་ལ་སྦྱང་པ་མཛད། དེ་ནས་མང་མཁར་ཚ་ལུང་བ་རོག་སྟོན་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་རྒྱུད་བཞིའི་བཀའ་འཁྲིད་ལེགས་པར་གསན། དགུང་ལོ་བཅོ་བརྒྱད་ནས་བཟུང་སྔ་རྗེས་སུ་རྒྱ་གར་དུ་ཐེངས...
  •   སྤྱི་ལོ་1127མེ་ལུག   ༡.ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ་ནི། ཡབ་ཚོང་དཔོན་ཆེན་པོ་ས་མ་ཛ་ཡའི་སྲས་སུ་ཀསྨིར་སྐུ་འཁྲུངས། དགུང་ལོ་བཅུ་ནས་རིག་པའི་གནས་ལ་སྦྱང་པ་ལེགས་པར་མཛད། དེ་རྗེས་རྒྱ་གར་ཤར་ཕྱོགས་སུ་ཕེབས་ཏེ་ཚད་མ་དང་གསང་སྔགས་ཀྱི་ཆོས་སོགས་རིག་པའི་གནས་ལྔར་སྦྱང་པ་མཐར་ཕྱིན་མཛད་དེ་པཎྜི་ཏ་ཆེན་པོར་གྱུར། དེ་ནས་རྒྱ་གར་དུ་ཁ་ཆེ...
  •   སྤྱི་ལོ་1128ས་སྤྲེལ།   འབྲུག་པ་བཀའ་བརྒྱུད་ཀྱི་སྲོད་གཏོད་པ་གླིང་རས་པདྨ་རྡོ་རྗེ་ནི། ཡབ་རྒྱལ་བ་སྐྱབ་བེ་དང་ཡུམ་གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་གཙང་མྱང་སྟོད་དུ་སྐུ་འཁྲུངས། མཚན་དུ་པདྨ་རྡོ་རྗེ་ཞེས་གསོལ། དགུང་ལོ་དགུ་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་པ་མཛད། དགུང་ལོ་སོ་བརྒྱད་པར་འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་གཙོ་...
  • 1955ལོ། 2016-09-05
      ཟླ་2ཚེས་24ཉིན་བོད་ཤིང་ལུག་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་ཆེད། ཏཱ་ལ་དང་པཎ་ཆེན་གྱིས་པེ་ཅིང་དུ་སྟོན་ཚོགས་གཟབ་རྒྱས་བཤམས་ནས་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལའེ་བཅས་གདན་འདྲེན་ཞུས་པ་རེད། ཀྲུའུ་ཞི་མའོ་ཙེ་ཏུང་གིས་སྟོན་ཚོགས་ཐོག“ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ་རང་རྒྱལ་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ལ་ས...
  • 1956ལོ། 2016-09-05
      ཟླ་1ཚེས་13ཉིན་ཀྲུང་གུང་བོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ལ་ཕུལ་བའི་བསམ་འཆར་ནང་ཟླ་4ཚེས་22ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་བཏོན་པ་དང་ཀྲུང་དབྱང་གིས་བསམ་འཆར་དེར་མོས་མཐུན་གནང་བ་རེད།   ཟླ་4ཚེས་22ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་ཚོགས་ཆེན་ལྷ་སར་གཟབ་རྒྱས...