[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>དོན་ཆེན་ལོ་ཚིགས།
  • སྤྱི་ལོ་1123ཆུ་ཡོས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-28

    སྤྱི་ལོ་1123ཆུ་ཡོས།

    ༡.སྒྲུབ་བརྒྱུད་འཛིན་པའི་ཀ་ཆེན་བཞི་ཡི་ཡ་གྱལ་རྗེ་བཙུན་མི་ལ་རས་པ་དགུང་ལོ་གྱ་བཞིར་ཕེབས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས།

    ༢.ཚལ་པ་བཀའ་བརྒྱུད་པའི་སྲོལ་གཏོད་པ་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་ནི། ཡབ་སྔགས་པ་རྗོ་རྗེ་སེམས་དཔའ་པ་དང་། ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་གཞོན་ནུའི་དུས་སུ་སློབ་དཔོན་མང་པོའི་ཞབས་ལ་གཏུགས་ནས་དགྱེས་རྡོར་དང་། གསང་ལྡན། མངོན་པ་སོགས་བཀའ་བསྟན་གཞུང་ལུགས་མང་དུ་གསན།དགུང་ལོ་བཅོ་བརྒྱད་སྐབས་ཕ་ཚན་གྱི་བརྙས་པ་བྱུང་སྟེ་མཐུ་དང་ངན་སྔགས་ལོ་གསུམ་བསྒྲུབས་ནས་ཁ་གཏན་རྣམས་ཚར་བཅད། དེ་རྗེས་ཁམས་སུ་བྱོན་ནས་མཁས་གྲུབ་མང་པོའི་དྲུང་ནས་མདོ་སྔགས་གྱི་ཆོས་མང་དུ་གསན་ཏེ་མཁས་པའི་རྩེ་མོར་སོན། ཤིང་ལུག(1175)ལོར་གུང་ཐང་གཙུག་ལག་ཁང་དང་རྟེན་གསུམ་ལེགས་པར་བཞེངས། དེ་ནས་ཚལ་གྱི་དགོན་པ་ཕྱག་བཏབ། སློབ་མ་མང་དུ་འདུས། ཚལ་པ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའི་སྲོལ་གཏོད།

    ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།