[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>དོན་ཆེན་ལོ་ཚིགས།
  • སྤྱི་ལོ་1118ས་ཁྲི།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་རྩོམ་སྒྲིག་བྱས་པ།    |    སྤེལ་དུས།   2016-10-28

    སྤྱི་ལོ་1118ས་ཁྲི།

    ༡.གླང་རི་ཐང་པ་རྡོ་རྗེ་སེང་གེ་སྐུ་གཤེགས།

    ༢.ཕག་གྲུབ་རྡོ་རྗེ་རྒྱལ་པོའི་སློབ་མ་རྒྱལ་ཚ་ཀུན་དགའ་ཤེས་རབ། མཚན་གཞན་རིན་ཆེན་མགོན། ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད་དུ་སྐུ་འཁྲུངས། དགུང་ལོ་ལྔར་ཡིག་རྩིས་ལ་སྦྱང་པ་མཛད། སྐུ་ན་སོན་རྗེས་གནུབས་ཉི་མ་སོགས་མཁས་གྲུབ་མང་པོའི་དྲུང་ནས་གཞུང་ལུགས་མང་དུ་གསན། དེ་ནས་ཡུལ་དབུས་སུ་བྱོན་ཏེ་པུ་རངས་ལོ་ཙ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་སོགས་དང་མཇལ། བླ་མ་དམར་གྱི་ཞལ་བཀོད་ལྟར། འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས་ནས་བཀའ་བསྟན་གདམས་ངག་མང་དུ་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། ལྕགས་ཡོས(1171)ལོར་ཁྲོ་ཕུ་དགོན་ཕྱག་བཏབ། ཁྲོ་ཕུ་བཀའ་བརྒྱུད་པའི་སྲོལ་གཏོད། དགེ་འདུན་གྱི་སྡེ་བཙུགས། སློབ་མ་མང་དུ་འདུས། མཐར་དགུང་ལོ་བདུན་ཅུ་དོན་བརྒྱད་ལ་ཕེབས་སྐབས་དགོངས་པ་གཞན་དོན་དུ་གཤེགས།

    《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།