[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • 《དེབ་ཐེར་དམར་པོ》

  • ཡོང་ཁུངས།   མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ 3 པ།    |    རྩོམ་པ་པོ།   ཚལ་པ་ཀུན་དགའ་རྡོ་རྗེ།    |    སྤེལ་དུས།   2009-11-03

    ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་དེབ་ཐེར་འདི་ཉིད་སྔོན་བྱོན་བོད་ཀྱི་མཁས་པ་ཚོས་ཧ་ཅང་མཐོང་ཆེན་གནང་གི་ཡོད་པ་དང་བོད་ཀྱི་མཁས་པས་བྲིས་པའི་ལོ་རྒྱུས་དེབ་ཐེར་ཁག་གི་ནང 《དེབ་དམར་》འདིའི་ནང་གི 《ཐང་ཧྲུའུ 》བོད་སྐོར་གྱི་དུམ་བུ་དག་ཆ་ཚང་བ་དྲངས་ཡོད་པ་རེད།  དཔེར་ན 《དེབ་སྔོན 》ནང་བོད་ཀྱི་རྒྱལ་རབས་ཐད་གོང་གི་དུམ་བུ་ཆ་ཚང་དྲངས་ཡོད་པ་དང་།  《ཆོས་འབྱུང་མཁས་པའི་དགའ་སྟོན 》ནང་དུའང་དུམ་བུ་ཆ་ཚང་ཞིག་དྲངས་ཡོད་པ་རེད། དེ་བཞིན་དེབ་ཐེར་འདིའི་དཔེ་བཤུས་མ་ཁག་མང་པོ་འཕེལ་རྒྱས་བྱུང་བ་བཅས་བོད་ཀྱི་ལོ་རྒྱུས་དང་།  ཐང་བོད་འབྲེལ་བའི་ཐད་ལ་རྟོག་ཞིབ་བྱེད་སྐབས་མེད་དུ་མེད་རུང་བའི་དཔྱད་གཞི་ཡིག་ཆ་ཞིག་ཡིན།  འོན་ཀྱང 《དེབ་དམར 》གྱི་དཔེ་རྒྱུན་མི་འདྲ་བ་བདུན་ཙམ་ཡོད་པས་འདིར་ངོ་སྤྲོད་ཞུ་བཞིན་མཆིས་པའི 《དེབ་དམར 》འདི་ནི་གོང་གི་དཔེ་རྒྱུན་མི་འདྲ་བ་དག་ཞིབ་བསྡུར་དང་ཞུས་དག་ཐེངས་མང་བྱས་པ་ལས་པར་དུ་བསྐྲུན་པ་ཞིག་རེད།

    དེབ་ཐེར་འདིའི་ཁྱད་ཆོས་ནི།

    1. དེ་སྔོན་རྒྱལ་ཁབ་ཕྱི་ནང་དུ་པར་བསྐྲུན་བྱས་ཟིན་པའི་དཔེ་དེབ་ཚང་མར་ཆད་སྐྱོན་བྱུང་བ་རྣམས་དེབ་འདིའི་ནང་གསར་དུ་ཁ་གསབ་བྱས་ཡོད།

    2.དཔེ་དེབ་འདི་ཉིད་གཟིགས་བདེ་པོ་ཡོང་བའི་ཆེད་ནང་དོན་གལ་ཆེ་བ་རྣམས་དུམ་བུར་བགོས་ནས་ཟུར་དུ་དཀར་ཆག་བཀོད་ཡོད་པ།

    3.དེབ་ཐེར་འདིའི་ནང་གི་ལོ་ཁམས་དང་ལོ་གྲངས་སོགས་ལོ་རྒྱུས་ཡིག་ཆ་གཞན་དག་དང་མི་མཐུན་པ་དང་།  ཚིག་སྔ་ཕྱིའི་འགལ་བ་སོགས་ཡོད་པ་རྣམས་མ་ཡིག་ལྟར་སོར་བཞག་བྱས་ཡོད་པ།

    4.དེབ་ཐེར་འདིའི་ནང་དོན་ཁག་གཅིག་ལ་འགྲེལ་བཤད་མེད་ན་གོ་དཀའ་བས་འགྲེལ་བཤད་རྒྱས་བསྡུས་གང་རུང་འོས་འཚམས་རེ་དང་ཞོར་ལ་ཟུར་བལྟའི་དཔྱད་གཞི་ཡིག་ཆ་སོ་སོའི་རྩོམ་པ་པོ་དང་།  དཔེ་དེབ་ཀྱི་མིང་།  ལེ་ཚན།  ཤོག་གྲངས་བཅས་འགོད་གང་ཐུབ་བྱས་ཐོག  དཔེ་དེབ་མང་པོ་གཟིགས་རྒྱུར་ཐུགས་གཉེས་པོ་ཡོད་པ་དང་ལོ་རྒྱུས་ཞིབ་འཇུག་གནང་མཁན་ཚོར་སྟབས་བདེ་བསྐྲུན་ཆེད་དུང་དཀར་རིན་པོ་ཆེ་ནས་ཁྱོན་བསྡོམས་གལ་ཆེའི་མིང་ཚིག་དྲུག་བརྒྱ་ལྷག་ཙམ་ལ་མཆན་འགྲེལ་བཀོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员