[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • ཏི་ཤྲི་དགའ་བློ་གྲོས་རྒྱལ་མཚན་གྱིས་དབང་རྒྱལ་ཕའི་ཚབ་ཏུ་ཁྲོམ་གྱི་སྟོང་དཔོན་ལ་བསྐོས་བར་སྩལ་བའི་བཀའ་ཡིག

    ​ བྱ་ལོའི་ཟླ་༢ཚེས་༢༥ལ། ཕྱི་ལོ་༡༣༠༩

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-30

    རྒྱལ་པོའི་ལུང་གིས།

    ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཏི་བྷིའི་གཏམ། །

    མདོའ་ཁམས་གྱི་སྭོན་ཝི་སིའི་མི་དཔོན:  ཆའུ་ཐའུ་

    སིའི་མི་དཔོན:  ཡུལ་སྲུངས:  ཁྲོམ་གྱི་བརྒྱ་དཔོན:   

    བཅུ་དཔོན:  མི་སྡེ་རྣམས་ལ་ཟློ་བ།།  

    རྒྱལ་མཚན་ལ:  སྔར:  གོང་གི་འཇ་ས་དང:  བླ་མ་རིམ་པའི་བཀཤོག་གནང་ནས:  ཁྱེད་ཁྲོམ་གྱི་སྟོང་དཔོན་ལ་བསྐོས་འདུག:  ད་ཡིན་ན:  ཁ་མ་ཡི་བུ་དབང་རྒྱལ:  ཕའི་ཚབ་ལ:  ཁྱེད་ཁྲོམ་གྱི་སྟོང་དཔོན་ལ་བསྐོས་

    པ་ཡིན་པས:  ཁྱེད་སྐྲི་ཚ:  འབྲོང་ཚ:  འགོ་བྱམས:  འཁར་པོ:  རྒྱ་སྙ:  སྲོ་ནོ:  སྐོ་ལ:  རྨ་ལ་སྭོགས་སྔར་ནས:  ཁྲོམ་གྱི་མ་ཡིག་ལ་ཐེབས་པའི་སྤྱི་ཏོག:  འབོམ་ཉག:  རེ་ཚེམས་རྣམསུ་སྟོད་ཅིང:  ཁྲིམས་

    གྱི་བྱ་བ་རྣམས:  དབང་རྒྱལ་གྱི་ངག་བཞིན་དུས་ལ་སླེབ་པར་སྒྲུབས:  འདི་པའི་མི་སྡེ:  གཞན་གྱིས:  གསེབ་ཚ་པ་བྱས་པ་ཡོད་ན:  སྭོན་ཝི་སི་དང:  ཡུལ་དཔོན་སྲུངས་གིས་ཁ་ཏ་གྱིས་ལ:  ཕྱིར་གཏོད:  བཟླས་

    བཞིན་ལོག་པ་བྱས་ན་མི་སྐྲག་པ་ཨེ་ཡིན:  འདི་དབང་རྒྱལ་གིས་ཀྱང:  ཁྱེད་རང་ལ་གཏོགས་པ་རྣམས་གྱི་བསྐྱ་བྲན་དང:  བྱ་བ་ལ་འབད་པ་ཐོན:  བྱ་ལོ་ཟླ་བ་གཉིས་པའི་ཉིཤུ་ལྔ་ལ:  ཕོ་བྲང་ཆེན་པོ་ཏའི་ཏུར་བྲིས་པའི་ཡིགེ།

    《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག—བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་ཡིག་ཚགས》ལས་ཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།