[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • རིན་ཆེན་རྒྱལ་མཚན་ཏི་ཤྲི་ནས་སློབ་དཔོན་འཁོན་སྟོན་དང་སློབ་དཔོན་རིན་ཆེན་དཔལ་བཟང་པོས་བདག་པ་ཨེ་པ་ལ་གཏོགས་པའི་དགོན་གཞིས་ཁག་ལ་གནོད་བྱས་མི་ཆོག་པར་སྩལ་བའི་བཀའ་ཡིག

    ​ འབྲུག་གི་ལོ་ཟླ་བ་༢ཚེས་༢༤ལ། ཕྱི་ལོ་༡༣༠༤

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-30

    རྒྱལ་པོའི་ལུང་གིས། །

    རིན་ཆེན་རྒྱལ་མཚན་ཏི་ཤྲིའི་གཏམ་། ། དམར་ཐམ་གྲུ་སྒོར་ཆུང་བ།

    གཙང་དང:  དབུས་ཀྱི་ས་ཆ་ལ་ཡོད་པའི་སྭོན་ཧུ་སའི་མི་དཔོན:  དམག་དཔོན:  དམག་མི:  ཡུལ་སྲུངས:  ཁྲིམས་གཅོད:  སྡུད་དང:  འདྲུལ་བྱེད་མི:  འཇ་མོ་ཆེ:  མཛོ་རྟགསན་མི  

    ཧོར་འདྲ:  ས་ཡུལ་གྱི་མི་དཔོན་མི་སྡེ་ལ་ཟློ་བ་། ། སློབ་དཔོན་འཁོན་སྟོན་དང:  སློབ་དཔོན་རིན་ཆེན་དཔལ་བཟང་པོས་བདག་པ:  ཨེ་པ་ལ་གཏོགས་པའི་དགོན་གཞིས:  ཆོས་གཞིའ:  གྲ་པ:  ཡོན་བདག:  བུ་སློབ་

    རྣམས་བཤད་ཉན་དང:  གོང་མ་ལ་སྨོན་ལམ་འདེབས་ཀྱིན་ལུགས་དང་མཐུན་བར་སྟོད་པ་ལ་  གོང་གི་ལུང་བཞིན:  ཁོང་རང་དབང་བའི་ཞིང་གཞིས་ས་ཆུ་རྩ་གསུམ་ཅི་དང་ཅི་ཡིན་པ་རྣམས་ལ་མ་འཕྲོག:  མ་འཐེན:  

    དགོན་པར་འཚེར་མ་འབབ:།  ཚང་དམ་ཁ་མ་ལེན:  སྐྱི་འཁྲུལ་དང་གདལ་པོ་ལསོགས་སྙད་བཏགས་པའི་འདོད་མཆུ་སློང་ཁྲོ་མ་བྱེད:  མཛོ་རྟ་མ་གསན:  སོ་ནམ་ལག་ཆ་དང་སྒལ་བོང་སྟེང་པར་མ་འཁྱེར:  ཕྱུགས་ལུག་ལ་

    ཁྱུ་འཛིན་མ་བྱེད:  ཁལ་རྟ་འུ་ལག་ལ་མ་འཁྱེར:  ཤེ་མོང་མ་བཙོང་བཟླས་ནས་འཛིན་རྒྱུའི་ཡི་གེ་བྱིན་པ་ཡིན:  ཡིགེ་མཐོང་བཞིན་ལོག་པ་བྱས་ན་ཙ་ར་བྱེད་དུ་འཇུག་པ་ཡིན: །  འདི་པས་ཀྱང་ཁྲིམས་དང་གྷལ་བའི་བྱ་བ་མ་བྱེད  

    འབྲུག་གི་ལོ་ཟླ་བ་གཉིས་པའི་ཚེས་ཉི་ཤུ་བཞི་ལ་ཕོ་བྲང་ཆེན་པོ་ཏའི་ཏུའི་སྡེ་ཆེན་པོ་མེ་ཏོག་ར་བར་བྲིས་པའི་ཡིགེ་། །  དམར་ཐམ་གྲུ་སྒོར་ཆེ་བ།

    《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག—བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་ཡིག་ཚགས》ལས་ཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།