[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • ཏུན་ཧོང་གཏེར་ཡིག་ལས་བྲན་མོའི་གྱོད་དོན་གྱི་གཏུག་ཡིག

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-30

    ༡  ༇བན་དེ་མོ་དང་ཟ་ཞན་ཅིའུ་ཀྱི་མཆིད་གསློ་བ།སྔར་ཡོས་བུ་ལོ་ལ།།བོད་སུམ་དང

    ༢  འ་ཞ་གྲམ་དགུར་ལྟོག་སྟེ་ཤི་བ་ལ་ཐུག་པས།ཤ་ཅུ་སྐུན་མཁར་དུ་ལྟག་ཏུ་གངས་པ་ཙམ

    ༣  གི་དུས་ན།།མྱི་ལྟོག་འཕོངས་པ་ཞིག་གི་ཕང་པ་ན།བུ་མོ་ལོ་ཅིག་ལོན་པ་གཅིག

    ༤   འཚླ་ཏེ།།བདག་སྒོར་མཆིས་ཏེ།ཁོ་ནའི་མཆིད་ནས།།བུ་མོ་འདིའི་མ་ནི་གུམ་ལགས་

    ༥  བདག་ཀྱང་ཉམས་དང་སྦྱར་ན།།སྩང་གནང་གུམ།།བུ་མོ་འདི་ནི།།བན་དེ་ཁྱོད་ཀྱིས་

    ༦   གསོས་ན།བུ་ཙར་ཡང་རུང་བྲན་དུ་ཡང་རུང་ཞེས་མཆིསྟེ།།བདགགིས་ཀྱང་སྙྀང་རྗེས་བསཾས

    ༧  གསོས་ནས།དོ་ཅིག་དུ་དགུང་ལོ་ཉྀ་ཤུ་ལགས།བུ་མོ་ན་དངོས་ནི་ལོ་ཉི་ཤུ་རྩ་གཅིག

    ༨  ལོན།།ད་ལྟར་ནི།།ཕྱག་རྗེད་ཁོང་ཀ་ཅིག་དང་འོག་འརྟུལ་བས་ཀྱང་སེམས་བསྐྱེད་ལོགས

    ༩   ལས་ནི།ངའི་ཞང་པོ་གཉི་དཔལ་མཚོ་ཡིན་ཞེས་འོག་བསྡིགས།།དོ་ཅིག་ནས།ཐོང་

    ༡༠   ཁྱབ་མོ་ཞིག་མཆི་སྟེ།བདགི་མ་ཡིན་ཞེས།ཐ་སྙད་ཕྱི་ཕྱིར་མང་ཞིང།སུག་ལས་

    ༡༡    ཀྱང་སྔ་ཐང་བཞིན་བགྱེད་ཏུ་མྱི་བཐུབ།རང་རེང་འཚླ་བ་ཙམ་ཞིག།དང་པོ་གསོས་

    ༡༢     བརྩན་ཀྱི་བཀའ་ལུང་བཞིན།སུས་ཀྱང་ཁ་འཇུག་ཅིང་གཙེར་མྱི་གནང་བའི

    ༡༣      ཕྱག་རྒྱ་འགའ་བཀས་གཐད་པ་ཙམ་དུ་ཇི་གནང་།།གསོས

    ༡༤      བརྩན་གྱྀ་བཀའ་ལུང་དང་འབྱོརད་པས།འདྀ་ལྟ་བུའི་རང་རེང་

    ༡༥      འཚལ་དུ་མྱི་གནང་གྀས་སྔ་ལུགས་བཞིན་ཁོལ་

    ༡༦      ཆོག  

    《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག—བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་ཡིག་ཚགས》ལས་ཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།