[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • ཏུན་ཧོང་གཏེར་ཡིག་ལས་སྟོང་སར་གྱི་ཤོག་མཁན་གྱིས་བློན་རྒྱལ་གཟིགས་ལ་ཤོག་ཁྲལ་ཆད་པའི་དཔང་ཡིག

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-30

    །།འབྲུག་གི་ལོའི་དཔྱིད།སྟོང་སར་གྱི་ཤོག་མཁན་ཤང་ཧེ་འདོས་།བློན་རྒྱལ་ཟིགས་ལ་ཤོག་ཤོག་ཡུག་རིངས་ཉིས་བརྒྱ་ཞིག་ཆགས་པ་ལས།འཇལ་དུ་མ་མཆིས་ཏེ།སྐུ་ཡོན་འདྲི་བའི་ཤོག་ཤོག་ཡུག་རིངས་ཉིས་བརྒྱའ་བུང་ཛེ་འྭང་གི་སུག་པ་ན་

    མཆིས་པ་སྔར་གཡྲ་དུ་འཚལ་ཏེ།སླར་འབུལ་བའི་དུས་འབྲུག་གི་ལོའྀ་དབྱར་སླ་འབྲིང་པོ་ཚེས་ལྔ་ལ་འབུལ་བར་དམ་བགྱིས་པ་ལས།ཁོ་ཏས་གྱ་གྱུ་དང་།བགྱིས་ནས། །མ་ཕུལ།བར་དུ་ཡང་ཙེ་འྭེང་བྲོ་ནད་ཀྱིས་བཏབ་སྟེ།ནར་བརྡའ་བའི་རྔོ་

    མ་ཐོག་།སླར་ཀྱིས་ལུག་གི་ལོའི་དགུན་སླ་ར་བ་ལ་ཧེ་འདོ་ལ་ཤོག་ཤོག་བརྡས་ན།ཁོ་ནའི་མཆིད་ནས།ལོ་གཉིས་སུམ་ཙམ་གྱི་བར་དུ་ཤོག་ཤོག་མ་ཕུལ།དུབ་མ་པས་བྲོ་འཚལ་ཏེ་བརྡས་པ་ཡང་མ་མཆིས།བདག་ཀྱང་མ་ཕུལ་བ་ནོང་སྟེ།ཁྲི་ལན་

    ཡང་དུས་བགྱི་བར་གསོལ་ཞེས་མཆིས་ནས།ཡང་དུས་བགྱིས་པ།ལུག་གི་ལོའི་དགུན་སླ་འབྲིང་པོ་ཚེས་བཅུ་ལ།ཡུག་རིངས་ཉིས་བརྒྱའ་ཚང་བར་ཛེ་འྭེང་ལ་འབུལ་བར་གྱིས།དུས་དེར་མ་ཕུལ་ལམ་གྱ་གྱུ་ཞིག་འཚལ་ནས་བསྒྱུར་ཏེ།གྱུར་དང་

    བཆས་པར་ཁོ་ནའི་སྒོ་ནས།ཕྱི་ཕྱུགས་ནང་རྫས་སུག་སྤྱད་ཅི་བབ་ཀྱང་རུང་སྟེ།ཕྲོགས་ཀྱང་ཞལ་མཾཆིས་པར་བགྱིས་པའི་སྟེང་དུ་སྐུ་ཡོན་གཅོད་པའི་གྱུར་ལྕག་ཀྱང་གཞུ་བར་བགྱིས་པའི་དཔང་ལ།ཨིམ་གཙུག་ལེགས།ཇེའ་ཙེ་འྭང་།དང་ཀིའུ་

    པིན་དང་།ཧེ་འདོའི་སུག་རྒྱ་མ་མཆིས་ཏེ།སུག་ཡིག་ཆད་གྱིས་བཏབ་པའ།།ཡུག་རིངས་ཉིས་བརྒྱའི་ནང་ན་ལོ་ཐང་ཤོག་ཤོག་ཐེབ་གཅིག་ཕུལ།།

    《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག—བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་ཡིག་ཚགས》ལས་ཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།