[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • བོད་ཀྱི་དཔེ་རྙིང་སྲུང་སྐྱོབ“གྲངས་གཞི་ཆེ་མོའི་དུས་རབས”ཕྱོཌ་སུ་སྐྱོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-16

    “ཀྲུང་ཧྭའི་རྩ་ཆེའི་གསུང་རབ་ཐོན་ཁུངས་གྲངས་གཞི་ཅན”གྱི་རྣམ་གྲངས་གཉེར་ཚུན། རང་ལྗོངས་ཀྱིས་རྩ་ཆེའི་དཔེ་རྙིང་གྲངས་གཞི་ཅན་གྱི་ལས་འགན་གྱི་50%ལེགས་གྲུབ་ཟིན་པ་དང་། ཚན་པ་6གི་དཔེ་རྙིང་གྲངས་གཞི་ཅན་གྱི་ལས་འགན་ལེགས་གྲུབ་ཟིན་ནས་ཁྱོན་པོ་ཏི་13ཡོད་པ་རེད།

    2016ལོར། རང་ལྗོངས་སུ་བོད་ཡིག་གི་དཔེ་རྙིང་ཁག་59《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་གི་མིང་གཞུང》ཁག་ལྔ་པའི་ནང་བཅུག་པ་དང་། དཔེ་རྙིང་ཁག་26“ཀྲུང་ཧྭའི་རྩ་ཆེའི་གསུང་རབ་ཐོན་ཁུངས་མཛོད་འཛུགས་སྐྲུན”གྱི་རྣམ་གྲངས་གྲས་སུ་བཅུག་པའི་ནང་ཁག་13“ཀྲུང་ཧྭའི་རྩ་ཆེའི་གསུང་རབ་ཐོན་ཁུངས་མཛོད་འཛུགས་སྐྲུན”གྱི་གྲངས་འཛིན་ཅན་གྱི་རྣམ་གྲངས་སུ་འགྱུར་རྒྱུ་རེད། དཔེ་རྙིང་ཁག་26ཚང་མ《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་གི་མིང་གཞུང》གི་གྲས་སུ་བཅུག་པའི་དཔེ་རྙིང་ནང་ནས་བདམས་པ་ཤ་སྟག་རེད།

    རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་སྤེན་པ་ཚེ་རིང་གིས“ཀྲུང་ཧྭའི་རྩ་ཆེའི་གསུང་རབ་ཐོན་ཁུངས་མཛོད་འཛུགས་སྐྲུན”གྱི་གྲངས་གཞི་ཅན་གྱི་རྣམ་གྲངས་ནི་ཧ་ཅང་ལས་སླ་བའི་དཔེ་རྙིང་གི་ནང་དོན་ཆ་ཚང་བཤར་འབེབས་བྱས་པ་ཞིག་མ་ཡིན་པར་དེ་ནི་གཅིག་གྱུར་གྱི་འཆར་འགོད་དང་གཅིག་གྱུར་གྱི་ཚད་གཞི་དང་མཉམ་ལས་མཉམ་སྐྲུན་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་རྩ་དོན་ལ་གཞིགས་ཏེ། རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ཞིང་ཆེན་རིམ་པའི་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཁག་ལ་དཔེ་རྙིང་གྲངས་གཞི་ཅན་གྱི་ལས་འགན་ཡི་གེ་བརྒྱུད་བསྒྲགས་བྱས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།