[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།
  • ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་ཉིང་ལག་རུ་ཁག་ལྔ་པར“ལི་པེ་རི་ཡའི་རྒྱབ་ཁབ་ཀྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-01

    447968_yis_1509426976936.jpg

    ལི་པེ་རི་ཡའི་རྒྱལ་ཁབ་ཀྱི་ཚོ་དཔོན་རྒན་རབས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་ཤས་གོང་ལི་པེ་རི་ཡའི་སྲིད་གཞུང་གི་ཚབ་ཞུས་ནས་མོང་རོ་ཝི་ཡ་རུ་ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་ཉིང་ལག་རུ་ཁག་ལྔ་པར“ལི་པེ་རི་ཡའི་རྒྱལ་ཁབ་ཀྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”སྤྲད་ནས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གིས་ལི་པེ་རི་ཡའི་ཞི་བདེ་སྲུང་སྐྱོང་དང་བརྟན་ལྷིང་དང་དེ་བཞིན་རྒྱལ་ཁབ་བསྐྱར་སྐྲུན་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གཟེངས་བསྟོད་བྱས་ཤིང་། འདི་ནི་ལི་པེ་རི་ཡའི་མོང་རོ་ཝི་ཡར་ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་ཉིང་ལག་རུ་ཁག་ལྔ་པའི་ཆབ་སྲིད་ཨུ་ཡོན་ཁྲེན་ལི་ཧྭ(གཡོན་གྱི་གཉིས་པ)ཡིས“ལི་པེ་རི་ཡའི་རྒྱལ་ཁབ་ཀྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའི”ལག་ཁྱེར་ལེན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། 文惠