[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།
  • ལྷ་ས་གྲོང་ཁྱེར་གྱིས་ངལ་རྩོལ་པ་དབུལ་པོའི་ལས་ཞུགས་གཞན་སྒྱུར་གྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-08

    ལྷ་ས་གྲོང་ཁྱེར་གྱི་2017ལོའི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་པ་དབུལ་པོའི་ལས་ཞུགས་གཞན་སྒྱུར་གྱི་ཆེད་མངགས་ལས་མི་བསྡུ་བའི་ཚོགས་འདུ་ཆེ་གྲས་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་རྐང་རྩེད་སྤོ་ལོའི་ཐང་ཆེན་དུ་བདེ་བླག་ངང་འཚོཌ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང(ཆུས)ཁག་གིས་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་པ་དབུལ་པོ་950ལྷག་ཙམ་ལས་མི་བསྡུ་བའི་ཚོགས་འདུར་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་། གྲོང་ཁྱེར་གྱི་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། མཉམ་ལས་ཁང་བཅས་200ལྷག་ཙམ་གྱིས་གཙང་སྦྲ་དང་། བདེ་སྲུང་། ཞབས་ཞུ་བ། ཁ་ལོ་བ་སོགས་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་པ་དབུལ་པོར་འཚམ་པའི་ལས་གནས་3000ཙམ་མཁོ་འདོན་བྱས་པས་ལས་འཚོལ་མི་གྲངས་3000ལྷག་ཙམ་ཡོང་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས། རྫོང(ཆུས)ཁག་གི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བཅས་བཀོད་སྒྲིག་བྱས་ཏེ་རིགས་ཁག་གི་སྲིད་ཇུས་བློ་འདྲི་དང་། ལས་རིགས་ངོ་སྤྲོད། མཐུན་སྦྱོར་སྦྲེལ་མཐུད་བཅས་ཀྱི་ཞབས་འདེགས་ཞུས་ཡོད།

    ད་ཐེངས་ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུས་རྒྱ་ཆེའི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་པ་དབུལ་པོ་དང་མི་སྤྱོད་ཁེ་ལས་དབར་སྤུས་ལེགས་དང་ནུས་ཆེའི་སྦྲེལ་མཐུད་ལས་སྟེགས་བསྐྲུན་པས་ལས་ཀར་ཞུགས་འདོད་ཡོད་པ་མི་929བྱུང་ཞིང་། འདིའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་པ་དབུལ་པོ་266ཡོད། རྗེས་སུ་རྫོང(ཆུས)ཁག་གིས་རྗེས་སྙེག་ཞབས་ཞུའི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས་ཁེ་ལས་དང་ལས་ཀ་འཚོལ་མཁན་དབར་ལ་དུས་ཐོག་ཏུ་ངལ་རྩོལ་གན་རྒྱ་འཇོག་རྒྱུར་གཞོགས་འདེགས་དང་ལྟ་སྐུལ་བྱས་ཏེ་ལས་ཀར་ཞུགས་འདོད་ཡོད་མཁན་གྱི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་པ་དབུལ་པོ་ལས་ཀར་ཞུགས་ཐུབ་ཚད་ཆེ་རུ་གཏོང་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།