[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ལས་ཞུགས་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོགས།
  • ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

    ཞིང་པ་དང་འབྲོག་པ་གྲོང་ཁྱེར་ནང་དུ་བསྐྱོད་དེ་ལས་ཞུཌ་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོཌ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-31

    • རྒྱལ་ཁབ་ཀྱིས་ཞིང་པ་དང་འབྲོག་པ་གླ་པའི་གླ་ཕོགས་སྤྲོད་པའི་འགན་ལེན་ལམ་ལུགས་འཛུགས་དགོས།

    མི་སྤྱོད་ཚན་པས་ཁ་གང་རུང་ལ་གཡར་ནས་ཞིང་པ་དང་འབྲོག་པ་གླ་པའི་གླ་ཕོགས་འཐེན་འཇོག་དང་འགྱངས་ཆད་བྱེད་མི་ཆོག

    རིམ་ཁག་སྲིད་གཞུང་དང་ངལ་རྩོལ་འགན་ལེན་དང་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་ལས་དོན་སྤེལ་ཤུགས་ཆེར་གཏོང་གིས་ཞིང་པ་དང་འབྲོག་པ་གླ་པའི་གླ་ཕོགས་འཐེན་འཇོག་དང་འགྱངས་ཆད་བྱེད་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་གཅོད་ནན་པོ་བྱེད་དགོས་པ་དང་ཕྱོགས་མཚུངས་གླ་ཕོགས་དམའ་ཤོས་ཀྱི་ལམ་ལུགས་དོན་འཁྱོལ་བྱ་རྒྱུའི་བླང་བྱ་འདོན་ཡོད།

    • རྒྱལ་ཁབ་ཀྱིས་ངལ་རྩོལ་གན་རྒྱའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་མི་སྤྱོད་ཚན་པས་ཞིང་པ་དང་འབྲོག་པ་གླ་པ་དང་ངལ་རྩོལ་གན་རྒྱར་ཁྲིམས་ལྟར་མིང་རྟགས་འགོད་དགོས།

    ངལ་རྩོལ་གན་རྒྱར་འགྱུར་བ་གཏོང་སྐབས་འདྲ་མཉམ་རང་འདོད་དང་གྲོས་མོལ་གཅིག་མཐུན་གྱི་རྩ་དོན་ལྟར་ཁྲིམས་ལུགས་ཀྱི་གཏན་འབེབས་ལས་འགལ་རྒྱུ་མེད་པའི་བླང་བྱ་འདོན་ཡོད།

    • ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།ལས་རིགས་གཙོ་བོར་ཁྲིམས་ལྟར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཡུན་གང་བྱུང་དུ་ནར་འགྱངས་བྱེད་པ་དང་།གླ་ཕོགས་འཐེན་འཇོག་བྱེད་པ།

    བྱིས་པ་ལས་བཟོ་སྤྱོད་པ།ངལ་རྩོལ་གྱི་ཆ་རྐྱེན་ཞན་པ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་གཅོད་ནན་པོ་བྱེད་དགོས།

    •ཞིང་པ་དང་འབྲོག་པ་གླ་པའི་རྒྱུ་མཚན་ཞུ་འབུལ་གྱི་ངལ་རྩོལ་རྩོད་གླེང་གི་གྱོད་གཞི་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་དང་སྦྲགས་ཞིང་པ་དང་འབྲོག་པ་གླ་པ་རང་ཉིད་ཀྱིས་འགན་འཁུར་བའི་འདུམ་གཅོད་གྲོན་དངུལ་དེ་གནས་ཚུལ་ལ་གཞིགས་ནས་ཆག་ཡང་གཏོང་དགོས།

    • གྲོང་ཁྱེར་ཆེ་འབྲིང་དུ་“12333”གྱི་ངལ་རྩོལ་འགན་ལེན་ཁ་པར་གྱི་ཇུས་འདྲའི་ཞབས་ཞུ་སྤེལ་ནས་ཞིང་པ་དང་འབྲོག་པ་གླ་པའི་ཇུས་འདྲའི་ཞབས་ཞུ་ལས་ཀ་ཡག་པོ་བྱེད་དགོས།

    • ཞིང་པ་དང་འབྲོག་པ་གླ་པར་འབྲེལ་ཡོད་ཀྱི་ཁྲིམས་ལུགས་རོགས་སྐྱོར་བྱེད་དགོས།

    • བཟོ་ཚོགས་ཀྱིས་ཞིང་པ་དང་འབྲོག་པ་གླ་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུར་རོགས་རམ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།