[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ལས་ཞུགས་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོགས།
  • ལུགས་དང་མི་མཐུན་པའི་གྲོན་བསྡུ་མེད་པ་བཟོ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-31

    རྒྱལ་ཁབ་ཀྱིས་ཞིང་པ་དང་འབྲོག་པ་གླ་པའི་ལས་ཞུགས་ལ་དམིགས་པའི་ལུགས་དང་མི་མཐུན་པའི་རིན་བསྡུ་མེད་པ་བཟོ་རྒྱུའི་བླང་བྱ་འདོན་པ་དཔེར་ན་གནས་སྡོད་གྲོན་དངུལ་དང་།  ཕྱོགས་མིའི་དོ་དམ་གྲོན་དངུལ། འཆར་ལྡན་བུ་བཙའི་དོ་དམ་གྱི་གྲོན་དངུལ། གྲོང་ཁྱེར་གྱི་སྡོད་རིན། ངལ་ནུས་བཀོད་སྒྲིག་བྱེད་གླ། ཕྱིར་ལས་ཀ་དང་ཚོང་རྒྱག་མཁན་ལ་དོ་དམ་དང་ཞབས་ཞུ་བྱེད་གླ།

    ས་ཆ་གཞན།  (ཞིང་ཆེན་གཞན་ )དུ་འཛུགས་སྐྲུན་བྱེད་མཁན་ཁེ་ལས་ཀྱི་དོ་དམ་གྲོན་དངུལ་སོགས་ཚུད་ཡོད། ཞིང་པ་དང་འབྲོག་པ་གླ་པར་སྲིད་འཛིན་བྱ་གཞག་གི་གྲོན་བསྡུའི་རྣམ་གྲངས་དབང་ཚད་ལས་བརྒལ་ནས་འཛུགས་རྒྱུ་གཏན་འགོག་བྱས་ཏེ་ངོ་བོ་འགྱུར་ནས་ཞིང་པ་དང་འབྲོག་པ་གླ་པའི་ས་ནས་གྲོན་དངུལ་གང་བྱུང་དུ་བསྡུ་རྒྱུ་བཀག་འགོག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཞིང་པ་དང་འབྲོག་པ་གྲོང་ཁྱེར་དུ་ལས་ཞུགས་དང་ཁེ་ལས་ཀྱི་མི་སྤྱོད་འགྲོ་ལུགས་གཉེར་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་འཁྱེར་གྱི་མ་གནས་གྲོན་དངུལ་བསྡུ་བ་ཕུད་གྲོན་དངུལ་གཞན་དག་བསྡུ་མི་ཆོ ལག་འཁྱེར་གྱི་མ་གནས་གྲོན་དངུལ་དེ་སྒོར་ལྔ་ལས་བརྒལ་མི་ཆོག འབྲེལ་ཡོད་སྡེ་ཚན་དང་རྩ་འཛུགས་ཀྱིས་ཕྱིར་སྐྱོད་མཁན་ནམ་ཡང་ན་ཕྱི་ནས་ཡོང་བའི་གླ་པར་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་གྲོན་དངུལ་ཐད་“རང་མོས་དང་རིན་ལྡན་”གྱི་རྩ་དོན་དང་འཚམ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།