[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་ལས་ཀ་འཚོལ་དགོས།
  • གྲོང་ཁྱེར་དུ་ལས་ཀ་འཚོལ་མཁན་གྱིས་ཇི་ལྟར་བྱས་ཏེ་ལས་ཀ་འཚོལ་དགོས་སམ།

    ལས་རིགས་ངོ་སྤྲོད་བྱེད་པར་གོ་རིམ་ལྡན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-31

    གྲོང་ཁྱེར་ཚང་མར་ལས་རིགས་ངོ་སྤྲོད་སྒྲིག་གཞི་ཆེད་མངགས་བཙུགས་ཡོད་པར་སྤྱིར་བཏང་བྱས་ན་“ལས་རིགས་ངོ་སྤྲོད་ལྟེ་གནས་”སམ་ཡང་ན་“ལས་རིགས་ངོ་སྤྲོད་ཁང་”ཞེས་བརྗོད་ཀྱི་ཡོད་པ་དང་ལ་ལར་“ངལ་ནུས་ཁྲོམ་ར་”ཞེས་བརྗོད་ཀྱི་ཡོད།

    ལས་རིགས་ངོ་སྤྲོད་སྒྲིག་གཞིར་རིགས་གསུམ་ཡོད་པ་སྟེ།རིམ་ཁག་ངལ་རྩོལ་འགན་ལེན་སྡེ་ཚན་གྱིས་གཉེར་བའི་སྤྱི་པའི་ལས་རིགས་ངོ་སྤྲོད་སྒྲིག་གཞི་ནི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་པ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པར་གྲོན་དངུལ་མི་བསྡུ་བའི་ཞབས་འདེགས་ཞུ་ཀྱི་ཡོད།སྡེ་ཚན་དང་སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་གིས་གཉེར་བའི་སྤྱི་ཚོགས་ཀྱི་ལས་རིགས་ངོ་སྤྲོད་སྒྲིག་གཞི་དེའང་ཁེ་བཟང་མེད་པའི་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་པ།སྤྱི་དམངས་སོགས་ཀྱིས་གཉེར་བའི་མི་སྒེར་གྱི་ལས་རིགས་ངོ་སྤྲོད་སྒྲིག་གཞི་དེས་ཁེ་བཟང་་རྒྱུ་དམིགས་ཡུལ་དུ་བྱས་པས་གྲོན་དངུལ་མཐོ་ཙམ་བསྡུ་གི་ཡོད་པ་བཅས་རེད།

    སྤྱི་པའི་རང་བཞིན་གྱི་ལས་རིགས་ངོ་སྤྲོད་སྒྲིག་གཞིས་ཞིང་པ་དང་འབྲོག་པ་གླ་པར་སྲིད་ཇུས་ཀྱི་ཇུས་འདྲི་དང་ལས་ཞུགས་ཀྱི་ཆ་འཕྲིན།ལས་རིགས་མཛུབ་ཁྲིད།ལས་རིགས་ངོ་སྤྲོད་སོགས་ཀྱི་ཞབས་ཞུ་རིན་མེད་ངང་བྱེད་དགོས།

    ཞིང་པ་དང་འབྲོག་པ་གྲོང་ཁྱེར་དུ་སླེབས་རྗེས་སྲིད་གཞུང་སྡེ་ཚན་གྱིས་གཉེར་བའི་སྤྱི་པའི་རང་བཞིན་གྱི་ལས་རིགས་ངོ་སྤྲོད་སྒྲིག་གཞིའམ་ཡང་ན་སྤྱི་ཚོགས་ལས་རིགས་ངོ་སྤྲོད་སྒྲིག་གཞིར་ལས་ཀ་འཚོལ་བར་སྐྱོད་ཆོགསྤྱིར་བཏང་གི་གོ་རིམ་གཤམ་གསལ་ཏེ།

    • ལས་འཚོལ་གྱི་ཐོ་འགོད་དགོས།ཐོ་འགོད་སྐབས་རང་ཉིད་ཀྱི་ཡོན་ཚད་ལག་འཁྱེར་དང་།ལས་རིགས་ཐོབ་ཐང་གི་ལགའ་ཁྱེར།ལས་གནས་ཀྱི་རྩལ་ནུས་ལག་འཁྱེར་སོགས་གྲ་སྒྲིག་བྱེད་དགོས།

    • ལས་འཚོལ་གྱི་ཐོ་འགོད་རེའུ་མིག་འབྲི་དགོས།ལས་རིགས་ངོ་སྤྲོད་སྒྲིག་གཞིའི་ལས་དོན་མི་སྣར་སྲིད་ཇུས་ཀྱི་བློ་འདྲི་དང་།ལས་རིགས་ཀྱི་མཛུབ་ཁྲིད་དང་ལེན།རང་ཉིད་ཀྱི་ལས་འཚོལ་ཁ་ཕྱོགས་གསལ་རྟོགས་བཅས་བྱུང་རྗེས་གཞི་ནས་ལས་འཚོལ་ཐོ་འགོད་ཀྱི་རེའུ་མིག་འབྲི་དགོས།

    • ལས་ཞུགས་འོས་སྦྱོར་བྱེད་དགོས།ལས་རིགས་ངོ་སྤྲོད་སྒྲིག་གཞིས་མི་སྤྱོད་ཚན་པའི་དགོས་མཁོ་ལྟར་ལས་འཚོལ་མཁན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་མི་སྤྱོད་ཚན་པར་ལས་འཚོལ་མཁན་འོས་སྦྱོར་བྱེད་དགོས།

    • ངོ་འཕྲད་རྒྱུགས་སྤྲོད་བྱེད་དགོས།ལས་འཚོལ་མཁན་གྱིས་ལས་རིགས་ངོ་སྤྲོད་སྒྲིག་གཞིས་བྲིས་པའི་འོས་སྦྱོར་ཡིག་གེ་འཁྱེར་ནས་མི་སྤྱོད་ཚན་པར་ངོ་འཕྲད་རྒྱུགས་སྤྲོད་བྱེད་པར་སྐྱོད་དགོས།མི་སྤྱོད་ཚན་པ་དང་ལས་ལས་འཚོལ་མཁན་ཕན་ཚུན་ཡིད་རང་བྱུང་ཚེ་ངལ་རྩོལ་གན་རྒྱར་མིང་རྟགས་འགོད་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།