[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ཐོན་སྐྱེད་བྱེད་དགོས་སམ།
  • གྲོང་ཁྱེར་དུ་ལས་ཀ་འཚོལ་མཁན་གྱིས་ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ཐོན་སྐྱེད་བྱེད་དགོས་སམ།

    བདེ་འཇགས་ངང་ཐོན་སྐྱེད་བྱེད་དབང་རྟོགས་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-01-31

    ངལ་རྩོལ་པའི་བདེ་འཇགས་ཐོན་སྐྱེད་བྱེད་དབང་ཐད་གཤམ་གསལ་ཕྱོགས་འགའ་གཙོ་གནད་ཡིན་པ་སྟེ།

    ●གནས་སའི་ལས་སྒྲུབ་བྱ་ཡུལ་དང་ལས་གནས་ཐད་ཉེན་ཁ་གང་དག་ཡོད་པ་དང་ལས་འཛོལ་དང་རྨས་སྐྱོན་གང་དག་ཐོན་སྲིད་པ།དོགས་ཟོན་དང་མྱུར་སྐྱོབ་ཇི་ལྟར་བྱེད་དགོས་མིན་བཅས་ཤེས་རྟོགས་བྱེད་དབང་ཡོད་པ་དང་།

    ●བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་དབང་ཡོད་པ།

    ●རང་ངོས་ཀྱི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་པའི་ངལ་རྩོལ་ཁོར་ཡུག་དང་ཆ་རྐྱེན་ཐོབ་པ་དང་ལས་རིགས་འཕྲོད་བསྟེན་གྱི་སྲུང་སྐྱོབ་དང་ངལ་རྩོལ་གྱི་འགོག་སྲུང་མཁོ་ཆས་ཐོབ་དབང་ཡོད་པ།

    ●བདེ་འཇགས་ཐོན་སྐྱེད་ཁྲོད་གནས་པའི་གནད་དོན་ཐད་སྐྱོན་བརྗོད་དང་།ཐེར་འདོན།ཞུ་གཏུག་རྒྱག་དབང་བཅས་ཡོད།

    ●སྒྲིག་འགལ་གྱི་བཀོད་འདོམས་དང་བན་ཤེད་ངང་ཉེན་ཁར་མི་བལྟོས་པར་ལས་སྒྲུབ་བྱ་རྒྱུ་ཁས་མི་ལེན་རྒྱུའི་དབང་ཆ་ཡོད་པ་དང་ཆབས་ཅིག་གནས་ཚུལ་ཛ་དྲག་འོག་ལས་སྒྲུབ་མཚམས་འཇོག་དང་ཛ་དྲག་ངང་ཁ་བྲལ་དབང་ཡོད་པ།

    ●ཐོན་སྐྱེད་ཀྱི་བདེ་འཇགས་ལས་འཛོལ་ཐོན་ནས་རྨས་སྐྱོན་ཕོག་པའམ་ཡང་ན་ལས་རིགས་ཀྱི་གཅོང་གནད་ཕོག་སྐབས་ཁྲིམས་ལྟར་ལས་རྨས་ཀྱི་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་བྱེད་དབང་ཡོད་ལ་ད་དུང་ཚན་པ་དེ་རང་ལ་ཁྲིམས་ལྟར་སྐྱིན་ཚབ་དགོས་པའི་རེ་བ་བཏོན་དབང་འང་ཡོད།

    ●བུད་མེད་ལས་བཟོར་དམིགས་བསལ་གྱི་སྲུང་སྐྱོབ་ལོངས་སྤྱོད་བྱེད་དབང་ཡོད་པ་དཔེར་ན་ཚན་པས་བུད་མེད་ལས་བཟོ་གཏེར་རིར་གཏེར་འདོན་དང་།ཁྲོན་འོག་ཏུ་ལས་སྒྲུབ།ནགས་ཚལ་ཤིང་གཅོད།མཐོ་འཛེགས་འཐེན་ཁྲིད།ཧ་ཅང་ཁུར་ལྕིའི་ལུས་ཤུགས་ཀྱི་ངལ་རྩོལ་ཁྲོད་དུག་ཡོད་དང་གནོད་འཚེ་ཡོད་པའི་ལས་གནས་ཀྱི་ངལ་རྩོལ་དང་དེ་བཞིན་བསྟུད་མར་ལྗིད་ཐེག་ཆེ་བའི་ལས་སྒྲུབ་སོགས་ཡིན།བུད་མེད་ལས་བཟོའི་''དུས་ཐེངས་བཞིའི“སྲུང་སྐྱོབ་ཐད་ལའང་དེ་མཚུངས་ཀྱི་གཏན་འབེབས་ཡོད།

    ●ན་སོ་དར་ལ་མི་བབས་མཁན་གྱི་བཟོ་པར་དམིགས་བསལ་གྱི་སྲུང་སྐྱོབ་ལོངས་སྤྱོད་བྱེད་དབང་ཡོད།ཁྲིམས་ལུགས་ནང་ཚན་པ་གང་རུང་ཞིག་གིས་ན་སོ་དར་ལ་མི་བབས་མཁན་གྱི་བཟོ་པར(ལོ་བཅུ་དྲུག་ལ་སོན་པ་དང་ལོ་བཅོ་བརྒྱད་ལ་སླེབས་མེད་པ)གློག་ལས་དང་།ཚ་ལའི་ལས་ཀ།ལྗིད་འདེགས་ལས་སོགས་དམིགས་བསལ་གྱི་ལས་ཀ་བཀོད་སྒྲིག་བྱེད་མི་ཆོག་པ་དང་།ན་སོ་དར་ལ་མི་བབས་མཁན་གྱི་བཟོ་པར་གཏེར་རིར་གཏེར་འདོན་དང་།ཁྲོན་འོག་ཏུ་ལས་སྒྲུབ།ནགས་ཚུལ་ཤིང་གཅོད།དུག་ཡོད་དང་

    གནོད་འཚེ་ཡོད་པ།ལྗིད་ཐེགས་ལུས་ཤུགས།མཐོ་འཛེགས་འཐེན་ཁྲིད་སོགས་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་ཕོག་པའི་ལས་སྒྲུབ་བཀོད་སྒྲིག་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད།

    བཅའ་ཁྲིམས་ནང་ད་དུང་མི་སྤྱོད་ཚན་པ་གང་རུང་ཚང་མས་ཁྲིམས་འགལ་ལྟར་ལོ་ན་བཅུ་དྲུག་ལ་མི་སོན་པའི་བྱིས་པ་བཟོ་པ་བསྡུ་སྤྱོད་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་བཅས་ཚུད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།